དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ(པེ་ཅིང)རྒྱལ་སྤྱིའི་རོལ་རྩེད་སྒྲིག་བཀོད་སྒྲིག་ཆས་ཀྱི་འགྲེམས་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-21

    ཟླ་3ཚེས་19ཉིན། 2026ལོའི་ཀྲུང་གོ(པེ་ཅིང)རྒྱལ་སྤྱིའི་རོལ་རྩེད་སྒྲིག་བཀོད་སྒྲིག་ཆས་ཀྱི་འགྲེམས་ཚོགས་རྒྱལ་སའི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་དང་། ཡུལ་སྐོར། སྤྲོ་གསེང་། རོལ་རྩེད་སོགས་ཐོན་ལས་མཁོ་སྤྲོད་འཁོར་འབྲེལ་གྱི་ཁེ་ལས་600ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པ་དང་། དེའི་ནང་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱི་གསར་གཏོད་ཇུས་འགོད་དང་། མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས། རོལ་རྩེད་ཀྱི་སྒྲིག་ཆས། རྟོག་བཟོའི་དངོས་རྫས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས། རིག་གནས་རོལ་རྩེད་ཡུལ་སྐོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱི་ཅན་གྱི་ཉོ་ཚོང་སྤེལ་རེས་ཀྱི་སྟེགས་བུ་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།