སྡེ་ཚན་དགུ་ཡིས་ལས་རྨས་སྔོན་འགོག་གི་ལོ་ལྔའི་བྱ་སྤྱོད་འཆར་གཞི་བཀྲམ་པ།
ལས་ཞུགས་རྣམ་པ་གསར་པའི་མི་སྣར་ལས་རིགས་ཀྱི་གནོད་སྐྱོན་ཕོག་ཚད་ཉུང་དུ་གཏོང་བ།
གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མི་སྤྱི་པུའུ་དང་། བཟོ་འཕྲིན་པུའུ། ནོར་སྲིད་པུའུ་སོགས་སྡེ་ཚན་དགུ་ཡིས་ཉེ་ཆར《ལས་རྨས་སྔོན་འགོག་གི་ལོ་ལྔའི་བྱ་སྤྱོད་འཆར་གཞི(2026ལོ་ནས་2030ལོའི་བར)》མཉམ་དུ་བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་ཡོངས་ཀྱི་ལས་རྨས་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་པ་རེད།
བྱ་སྤྱོད་འཆར་གཞིའི་ནང་། ལས་རྨས་སྔོན་འགོག་དེ་ལས་རྨས་འགན་བཅོལ་གྱི་སྔོན་འཇོག་དོན་དག་ཏུ་བརྩིས་ནས་སྔོན་འགོག་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ། ལོ་ལྔའི་རིང་འབད་བརྩོན་བྱས་ཏེ་ལས་རྨས་ཀྱི་ལས་འཛོལ་ཐོན་ཚད་རྒྱུན་མཐུད་ངང་ཉུང་དུ་བཏང་ནས་གཙོ་གནད་ལས་རིགས་སུ་ལོ་5ཡི་རིང་ལས་རྨས་ཐོན་ཚད་10%ཙམ་ཉུང་དུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པའི་མི་སྣར་ལས་རིགས་ཀྱི་གནོད་སྐྱོན་ཕོག་ཚད་རིམ་བཞིན་ཉུང་དུ་བཏང་ནས་གཙོ་གནད་ལས་སྟེགས་ཁེ་ལས་སུ་ལོ་5ཡི་ནང་ལས་རྨས་ཐོན་ཚད་10%ཡན་ཉུང་དུ་གཏོང་དགོས་ཞེས་བཏོན་ཡོད།
བྱ་སྤྱོད་འཆར་གཞིའི་ནང་། “མི་ཐབས་རིག་ནུས+ལས་རྨས་སྔོན་འགོག”ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ལས་རྨས་ལས་འཛོལ་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ལེགས་སྒྲིག་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་རྨང་གཞི་སྔར་བས་སྲ་བརྟན་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཟོས་ཡོད།
འབྲེལ་ཡོད་གསར་འགྱུར།