དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་འཆར་འགོད་བཀོད་སྒྲིག་ནན་ཏན་དང་ལག་བསྟར་སྒྲིག་འཛུགས་ཞིབ་ཚགས་བྱས་པ།

    སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-03-21

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་འཆར་འགོད་བཀོད་སྒྲིག་ནན་ཏན་དང་ལག་བསྟར་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པའི་འགན་ལེན་བྱས་པ་རེད།

    ཟབ་སྦྱོང་མཐིལ་རྟོགས་དང་ངོས་འཛིན་གཅིག་གྱུར།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། སློབ་སྦྱོང་ཞིབ་བཤེར་དག་ཐེར་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། དག་ཐེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ། འགན་འཁྲི་དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། ཕྱི་ཚུལ་རིང་ལུགས་སྤོང་བ། མི་དམངས་སྲིད་གྲོས་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས། སློབ་སྦྱོང་སློབ་གསོ་བརྒྱུད་ཏང་གཤིས་བློ་སྦྱོང་ལ་སྔར་བས་ཞུན་བརྡར་བྱེད་པ་དང་། དགོངས་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་བཟོ་བྱས་ཏེ་ལས་འགན་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་ཁག་28གྲུབ་པར་བྱས་ཡོད། པུའུ་ཡི་འགོ་ཁྲིད་ཚན་ཁག་གིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་སྤེལ་ཡོད། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པར་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མི་མངོན་པའི་གྲུབ་འབྲས་དང་མངོན་གསལ་དོད་པའི་གྲུབ་འབྲས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག ཆབ་སྲིད་ཀྱི་ཚུགས་གནས་དང་། བསམ་བློའི་ངོས་འཛིན། ཏང་གཤིས་གོ་རྟོགས་བཅས་མཐོ་རུ་བཏང་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་མ་བཏང་བ།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཏང་ཙུའུ་ཡིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་བརྟན་པོ་ཁུར་བ་དང་། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་དམ་ཚགས་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་ལ་བརྟེན་ནས་ལས་དོན་ཁག་སྤུས་འབྲས་ལེགས་གཉེར་ཡོང་བར་ཁྲིད་སྟོན་བཅས་བྱས་ཏེ། བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་འགན་འཁུར་བློ་མཐུན་གཙོ་བོ་དང་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དང་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སྐུལ་འདེད་གཏོང་བ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་གྱི་ཕན་འབྲས་དངོས་ཐོག་ཏན་ཏིག་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་ཕན་འབྲས་དངོས་དོན་གཉེར་བྱས་པ།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་དངོས་སྒྲུབ་པ་དང་ལས་རྗེས་དངོས་འབུར་དུ་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་སྦྲགས། ཟླ་3ཚེས་16ཉིན་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི“རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གཟའ་འཁོར”གྱི་གཅིག་སྡུད་གསོ་སྦྱོང་གི་སློབ་ཚན་དང་པོ་དང་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པར་རང་རྟོགས་ངང་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ལས་སྒྲུབ་ལས་གཏོད་དང་སྒྲིག་བཀུར་ཁྲིམས་སྲུང་བྱས་ནས་རང་འགན་ཐེག་པ་ཁུར་དུ་ལེན་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཟབ་སྦྱོང་མཐིལ་རྟོགས་ཐུབ་པ་བྱས་ཏེ། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་སྐྱོད་བྱས་ནས་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་ཐད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་བའི་ངང་འཚོལ་དགོས་པ་དང་། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཕན་ལེགས་པའི་གྱོད་སྒྲུབ་ལམ་ལུགས་དང་། ལམ་སྲོལ། མ་ལག་བཅས་བཙུགས་ནས་ཞིབ་དཔྱོད་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དྲང་ཕྱོགས་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་དང་ལྡོག་ཕྱོགས་གྱོད་དཔེའི་ཉེན་ཟོན་སློབ་གསོའི་ནུས་པ་འདོན་པར་སྣང་ཆེན་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་འཐབ་ས་དང་པོར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སྔོན་ཐོན་དཔེ་མཚོན་གསལ་བཟོ་དང་སྔོག་འདོན་བྱེད་པར་ཤུགས་རྒྱག་དགོས་པ་དང་ཆབས་ཅིག ཉེ་བའི་ལོའི་རིང་ཞིབ་གཅོད་བྱས་པའི་གྱོད་གཞིའི་ཁྲོད་ནས་དཔེ་མཚོན་གྱི་གྱོད་དཔེ་བདམས་ཏེ་ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་སྲིད་དོན་ལས་རྗེས་ཐད་ཀྱི་ཡོ་ཁྱད་དུས་ཐོག་ཏུ་ཡོ་བསྲང་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་བརྒྱུད་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱས་ཏེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིབ་བཤེར་བྱེད་ཞོར་དག་ཐེར་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་དང་། གཅིག་སྡུད་བཅོས་སྒྲིག་བྱེད་རིང་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བསྡུར་བྱས་ནས་ཞིབ་ལྟ་གཏིང་ཟབ་དང་གསལ་ཐོ་བཟོ་བ་དང་། དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག ལམ་ལུགས་དང་སྒྲིག་སྲོལ་ཆད་གསབ་དང་ཡག་པོ་འཛུགས་པ་བཅས་བྱས་པ་དང་། སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་ཀྱིས་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།