དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་མྱུར་འཕྲིན་ཁྱབ་བསྒྲགས་བྱས་པ།

    ན་ནིང་སྨན་བཅོས་འགན་སྲུང་ཐེབས་རྩའི་འགྲོ་སོང་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-21

     ཟླ་3ཚེས་16ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《2025ལོའི་སྨན་བཅོས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་མྱུར་འཕྲིན》ལས་མངོན་པར་གཞིགས་ན། 2025ལོར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཐེབས་རྩའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་35873.11དང་། འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་30009.38ཟིན་ནས་2.7%དང་0.8%སོ་སོར་འཕར་ཏེ། གཏོང་ཉུང་ཡོང་མང་གི་རྣམ་པ་ཐོན་ཡོད། དེ་ཡང་སྨན་བཅོས་འགན་སྲུང་ཐེབས་རྩའི་འགྲོ་སོང་སྒོར་དུང་ཕྱུར་ཁྲི་3ལས་ཐོག་མར་བརྒལ་ཡོད།

    སྨན་བཅོས་འགན་སྲུང་ནང་ཞུགས་པའི“གཞི་རྒྱ་ཆེན་པོ”རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། 2025ལོའི་ལོ་མཇུག་བར། གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13.3ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་406འཕར་ནས་འགན་སྲུང་ནང་ཞུགས་ཚད་95%སྲ་བརྟན་དུ་ཕྱིན་ཡོད། ལས་བཟོའི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་3.88ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་908འཕར་ནས་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱི་གྲུབ་ཆ་དེ་བས་ལེགས་སུ་ཕྱིན་ཡོད།

    2025ལོར་རྒྱལ་ཡོངས་སུ་སྨན་ཁང་ལ་སྡོད་པའི་སྨན་རིན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་བརྒྱབ་པ་མི་ཐེངས་ཁྲི་1582.3ཟིན་པ་དང་། ཐེབས་རྩའི་གཏོང་སྤྲོད་སྒོར་དུང་ཕྱུར་1620.05ཟིན་པ་དེ་བསྡོམས་རྩིས་རྒྱག་པའི་མི་ཐེངས་དུས་མཚུངས་ལས་10.38%དང་། ཐེབས་རྩའི་གཏོང་སྤྲོད་དུས་མཚུངས་ལས་2.1%འཕར་ཡོད། རྒྱལ་ཡོངས་སུ་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་བརྒྱབ་པ་མི་ཐེངས་དུང་ཕྱུར་2.92དང་ཐེབས་རྩའི་གཏོང་སྤྲོད་སྒོར་དུང་ཕྱུར་455.01ཟིན་ནས་བསྡོམས་རྩིས་རྒྱག་པའི་མི་ཐེངས་དུས་མཚུངས་ལས་30.17%འཕར་བ་དང་ཐེབས་རྩའི་གཏོང་སྤྲོད་དུས་མཚུངས་ལས་26.21%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།