ཟླ་བ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་0.7%འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་19ཉིན། ནོར་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་44154ཟིན་པ་དེ་དུས་མཚུངས་ལས་0.7%འཕར་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་36393ཟིན་པ་དེ་དུས་མཚུངས་ལས་0.1%འཕར་བ་དང་། དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར་7761ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད། ཀྲུང་དབྱང་དང་ས་གནས་དབྱེ་ནས་བལྟས་ན། ཀྲུང་དབྱང་གི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་19167ཟིན་པ་དེ་དུས་མཚུངས་ལས་1.7%ཆག་པ་དང་། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར་24987ཟིན་པ་དེ་དུས་མཚུངས་ལས་2.6%འཕར་ཡོད་པ་རེད།
ནོར་སྲིད་ཀྱི་གཏོང་སྒོའི་ཐད། ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་46706ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད། ཀྲུང་དབྱང་དང་ས་གནས་དབྱེ་ནས་བལྟས་ན། ཀྲུང་དབྱང་གི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་གཏོང་སྒོ་སྒོར་དུང་ཕྱུར་5476ཟིན་པ་དེ་དུས་མཚུངས་ལས་4.5%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་41230ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད་པ་རེད།
འགྲོ་སོང་གཏོང་སྒོ་གཙོ་བོའི་ཐད་ནས་བལྟས་ན། ཟླ་བ་དང་པོ་དང་གཉིས་པར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་9279ཟིན་པ་དེ་དུས་མཚུངས་ལས་8.6%འཕར་བ་དང་། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར་4119ཟིན་པ་དེ་དུས་མཚུངས་ལས་17.3%འཕར་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་དུང་ཕྱུར་838ཟིན་པ་དེ་དུས་མཚུངས་ལས་5.4%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་3690ཟིན་པ་དེ་དུས་མཚུངས་ལས་7.7%འཕར་བ་བཅས་རེད།
འབྲེལ་ཡོད་གསར་འགྱུར།