རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་34དང་། དངུལ་གྱི་རྟགས་མ་39 ཟངས་ཀྱི་རྟགས་མ་27ཐོབ་པ།
ན་ནིང་རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
ཉེ་ཆར། གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།
བསྡོམས་རྩིས་ལྟར་ན། 2025ལོར། རང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པར་ཁྱོན་གསེར་གྱི་རྟགས་མ་34དང་། དངུལ་གྱི་རྟགས་མ་39 ཟངས་ཀྱི་རྟགས་མ་27བཅས་ཐོབ་ཡོད། དེའི་ནང་ཚེ་རིང་དགྲ་འདུལ་དང་། བསོད་ནམས་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་བཅས་ཀྱིས་རྒྱལ་ཁབ་རུ་ཁག་གི་ཚབ་ཞུས་ནས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་ཞུགས་པར་གསེར་གྱི་རྟགས་མ་3དང་ཟངས་ཀྱི་རྟགས་མ་2ཐོབ་སྟེ། བོད་ཀྱི་ལུས་རྩལ་པར་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཅིག་ཀྱང་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཟླ་11པར་རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཞུགས་པར་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་2 ཟངས་ཀྱི་རྟགས་མ་1བཅས་ཐོབ་པ། ཟླ་12པར་རང་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐོག་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“ཚད་བརྒལ་དང་། མཉམ་འདྲེས། མཉམ་སྤྱོད”བཅས་ཀྱི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ལ་གསལ་བཤད་བྱས་ཤིང་། དེའི་རིང་གསེར་གྱི་རྟགས་མ་24དང་། དངུལ་གྱི་རྟགས་མ་32 ཟངས་ཀྱི་རྟགས་མ་20བཅས་ཐོབ་སྟེ། རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ནང་ཞུགས་ཚུན་གྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།