དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་550.44ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-21

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་550.44ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ནས། ལྗོངས་ཡོངས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་56.69ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་67%བཟུང་ཡོད། འགོ་འཛུགས་ས་གསར་པར་གཞི་ཚུགས་ནས། 2026ལོར་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་6%ཡན་གྱི་དམིགས་ཚད་གཞིར་བཟུང་། འཛད་སྤྱོད་དང་། ཕྱི་ཕྱོགས་ཚོང་དོན། མཁོ་ཚོང་མཉམ་ལས་ཁང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཐད་གནད་སྨིན་ཤུགས་རྒྱག་རྒྱུ་རེད།

    2026ལོར། ལྷ་ས་གྲོང་ཁྱེར་གྱིས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཐད་རྒྱུན་མཐུད་ཤུགས་རྒྱག་རྒྱུ་ཡིན་ཞིང་། འཛད་སྤྱོད་ཐད་ཚད་ཐོག་ཚོང་དོན་ཚན་པ་50སྐྱེད་སྲིང་བྱས་ནས་རླངས་འཁོར་ཉོས་རྗེས་ཀྱི་ཞབས་ཞུའི་ཁྲོམ་རའི་ཞན་ཆ་སེལ་རྒྱུ་རེད། ཕྱི་ཕྱོགས་ཚོང་དོན་ཐད་དཔེ་སྟོན་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཁེ་ལས་1ནས་2བར་སྐྱེད་སྲིང་བྱས་ནས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་15ལྷག་ཙམ་ཟིན་པའི་བརྩོན་ལེན་བྱས་ཏེ། ཕྱིར་ཚོང་ཁྲལ་སློག་གི་མ་དངུལ་མཛོད་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་རེད། མཁོ་ཚོང་ཁྱབ་ཁོངས་སུ་ལོ་ཧྲིལ་པོར་ཐད་གཏོང་ཐེངས་130ཡན་བྱས་ནས། གཞི་རིམ་གྱི་མཁོ་ཚོང་མཉམ་ལས་ཁང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།