@ཁྱིམ་བདག་ཚོ། ཟས་རིགས་འདི་དག་ཕྲུ་གུར་སྟེར་མི་རུང་།
ཁྱིམ་བདག་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། ཟས་རིགས་མང་པོ་ཞིག་མི་རྒན་པས་སྤྱད་ན་གང་མེད་ཀྱང་ཕྲུ་གུས་བཟས་ན་བདེ་ཐང་ལ་གནོད་ཀྱི་ཡོད། རྒྱུན་དུ་ང་ཚོའི་ཉེ་འགྲམ་དུ་ཟས་རིགས་གང་དེས་ཕྲུ་གུའི་བདེ་ཐང་ལ་གནོད་པའི་གནས་ཚུལ་ཡང་ཡང་ཐོན་བཞིན་ཡོད། དེར་བརྟེན་ཡིད་སྐྱོ་དགོས་པའི་གནས་ཚུལ་དེ་འདྲ་ཡང་སེ་མི་ཐོན་པའི་ཆེད་དུ་ཕ་མ་ཚོས་དོ་སྣང་ཆེན་པོ་བྱེད་དགོས་ལ་ཉེ་འཁོར་གྱི་མིར་དྲན་སྐུལ་ཡང་བྱེད་དགོས།
བྱིས་པར་སྟེར་མི་རུང་བའི་བཟའ་བཏུང་རིགས་འགའ།
01

ཆང་དང་ཆང་བཅུད(酒精)འདྲེས་པའི་ཟས་རིགས།
བྱིས་པའི་མཆིན་པའི་དུག་སེལ་ནུས་པ་བལྟོས་བཅས་ཀྱིས་ཞན་པ་ཡོད་པས། གལ་ཏེ་ཆང་འཐུང་བའམ་ཡང་ན་བཏུངས་དྲགས་ན་མཆིན་པར་གནོད་ནས་དྲན་པ་ཐོར་བ་སོགས་ཀྱི་ནད་རྟགས་ལྕི་པོ་ཐོན་སྲིད། ལོ་3མན་གྱི་བྱིས་པར་དེ་བས་གནོད་འཚེ་ཆེ་བ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཀླད་པར་སྐྱོན་རྒྱག་པའམ་ཡང་ན་འཆི་བའི་ཉེན་ཁ་ཡོད།
02

➤➤➤ཇའི་རིགས།
ལོ་6མན་གྱི་ཕྲུ་གུས་ཇ་འཐུང་རྒྱུ་མེད། གང་ལགས་ཤེ་ན། ཇའི་ནང་གི་ཀོག་ཧྥེ་རྒྱུ(咖啡因)སོགས་ཀྱིས་ཕྲུ་གུའི་དབང་རྩའི་མ་ལག་ལ་གནོད་དེ་གཉིད་ཁུག་ཁག་པོར་འགྱུར་གྱི་ཡོད། གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར(鞣酸)གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་སྲིད།
03

➤➤➤སྦྲང་རྩི།
ལོ་1མན་གྱི་བྱིས་པས་སྦྲང་རྩི་བཟས་ན་འཚམ་པོ་མེད། གང་ལགས་ཤེ་ན། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་ཤིག་ཡིན་པས། བྱིས་པར་སྦྲང་རྩི་བསྟེར་ན་རྒྱུ་ལམ་དང་ནད་འགོག་མ་ལག་ལ་གནོད་པ་མ་ཟད། བྱིས་པའི་དབང་རྩ་དང་དབུགས་ལམ་མ་ལག་སོགས་ཀྱི་བྱེད་ནུས་ཉམས་སྲིད།
04

➤➤➤ བ་དམ་སོགས་མཁྲེགས་འབྲས(坚果)རིགས།
ཕྲུ་གུའི་མིད་པ་རྦད་དེ་ཡག་པོ་འཚར་མེད་པས། མཁྲེགས་འབྲས་ཀྱི་པགས་པས་མིད་པ་འགག་སླ་པོ་ཡོད།
05

➤➤➤འོ་བཟོས་ཟས་རིགས་དང་ཐུད་ཟས།
འོ་བཟོས་ཟས་རིགས་དང་ཐུད་ཟས(糕点)གཅིག་ནས་འཇུ་སླ་པོ་མེད་པས་ཕོ་རྒྱུར་གནོད་པ་དང་། ཕྱོགས་གཞན་ཞིག་ནས་བྱིས་པས་ཟ་དུས་མིད་པ་འགག་ནས་དབུགས་གཏོང་ཁག་པོར་འགྱུར་གྱི་ཡོད་པས། ཡག་ཤོས་བྱུང་ན་ལོ་3མན་གྱི་བྱིས་པར་ཐུད་ཟས་སོགས་སྟེར་རྒྱུ་མེད།
06

➤➤➤ཚྭ་ལྡན་སྔོ་ཚལ་སོགས་བསྙལ་ཟས་ཀྱི་རིགས།
བསྙལ་ཟས(腌制品)རིགས་མང་པོའི་ནང་ཚྭ་མང་པོ་བརྒྱབ་ཡོད་པས། ཕྲུ་གུའི་མཁལ་མར་གནོད་པ་ཆེན་པོ་ཡོད་ལ། ཕྱིས་སུ་ཕྲུ་གུར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ཕོག་སྲིད་པ་མ་ཟད། བསྙལ་ཟས་རིགས་འགའ་ཞིག་ལ་ཚྭ་སྐྱུར་ཕལ་པ་མང་པོ་ཡོད་པས། དེ་ལས་སྐྲན་ནད་ཕོག་སླ་པོ་ཡོད།
07

➤➤➤སྟོབས་སྐྱེད་བཏུང་བྱ།
སྟོབས་སྐྱེད་བཏུང་བྱ(功能饮料)སྤྱིར་བཏང་མི་དར་མའམ་ཡང་ན་ལུས་རྩལ་པ་སོགས་དམིགས་བསལ་གྱི་མི་ཚོགས་ཀྱིས་འགུལ་སྐྱོད་དྲག་པོ་བྱས་པ་དང་རྔུལ་ཆུ་མང་པོ་ཐོན་རྗེས་བཏུངས་ན་འཚམ་པོ་ཡོད། ཕྲུ་གུར་གོང་གི་ཆ་རྐྱེན་དེ་དག་འཛོམས་མེད་པས་བཏུངས་ན་ཡག་པོ་མེད།
འབྲེལ་ཡོད་གསར་འགྱུར།