2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དབུ་ཚོགས་འཚོགས་ཉེར་ཡོད་པ།
ཚེས་17ཉིན། གསར་འགོད་པར་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་གསར་གཏོད་འཕེལ་རྒྱས་གཏོང་། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དབུ་ཚོགས་ཀྱིས“རིག་ནུས་སྒྲིག་གཞི་གསར་གཏོད་དང་ཉེར་སྤྱོད”དང་། “གྲངས་འཛིན་དངུལ་རྩ” “མི་ཐབས་རིག་ནུས་བདེ་འཇགས་བཅོས་སྐྱོང” “རིག་ནུས་དམངས་ཕན”སོགས་གྲངས་རིག་ཁྱབ་ཁོངས་ཀྱི་གླེང་མང་བའི་བརྗོད་གཞིར་དམིགས་ནས་སྤེལ་རེས་དང་གླེང་མོལ་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་གྲངས་འཛིན་མཉམ་ལས་ཀྱི་གོ་སྐབས་གསར་པ་དང་ཁྲོམ་ར་གསར་པ་གཏོད་ཆེད་ལས་སྟེགས་རྒྱུན་མཐུད་ངང་གཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དབུ་ཚོགས་ཐོག་འགོ་ཚུགས་མཛད་སྒོ་དང་། གླེང་སྟེགས་གཙོ་བོ། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་གྱི་མཛད་སྒོ་གཟབ་རྒྱས་བཅས་དང་དེ་བཞིན་ཡན་ལག་གླེང་སྟེགས་ཐེངས་6གཉེར་རྒྱུ་མ་ཟད། ད་དུང་མི་ཐབས་རིག་ནུས་དང་དྲ་རྒྱའི་བདེ་འཇགས་ནུས་པ་འཛུགས་སྐྱོང་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དང་། “AIབདེ་འཇགས་མཉམ་བཅོས། རིག་ནུས་དུས་རབས་ཀྱི་གྲངས་འཛིན་བདེ་འཇགས་སྲུང་བཅད་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྤེལ་རྒྱུ་དང་འབྲེལ“མི་ཐབས་རིག་ནུས་བཅོས་སྐྱོང”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཞིབ་འཇུག་གྲུབ་འབྲས་ཁག་10ལྷག་ཙམ་ཁྱབ་བསྒྲགས་བྱ་རྒྱུ་རེད།
ད་ཐེངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དབུ་ཚོགས་ཟླ་4ཚེས་13དང་14ཉིན་ཤང་ཀང་དུ་འཚོག་རྒྱུ་དང་། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱིས་གཙོ་གཉེར་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གཉེར་འགན་འཁུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།