ལོ་སྟོད་ཀྱི་དམག་གསར་སྐྱེལ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

འདི་ནི་ཟླ་3ཚེས་16ཉིན་ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་གྱི་དམག་མི་གསར་པ་དམག་དཔུང་ནང་ཞུགས་པའི་མཛད་སྒོའི་ཐོག་མང་ཚོགས་དང་དམག་གསར་ཚོས་ཕན་ཚུན་མཉམ་འགུལ་སྤེལ་རེས་བྱེད་བཞིན་པ།

འདི་ནི་ཟླ་3ཚེས་16ཉིན་ཅང་སུའུ་ཐའེ་ཚང་གྲོང་ཁྱེར་གྱི་དམག་གསར་ཚོ་དམག་སྒར་དུ་ཐོན་རྩིས་བྱེད་བཞིན་པ།
གསར་འགོད་པར་རྒྱལ་སྲུང་པུའི་དམག་བསྡུ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2026ལོའི་ལོ་སྟོད་ཀྱི་དམག་གསར་སྐྱེལ་བའི་ལས་དོན་ཟླ་3ཚེས་16ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ས་གནས་ཁག་གིས་དམག་མི་གསར་པ་དམག་དཔུང་ནང་ཞུགས་པའི་དགའ་སྐྱེལ་མཛད་སྒོ་གཟབ་རྒྱས་སྤེལ་ཡོད། སྔོན་དཔག་བྱས་ན་ཟླ་3པའི་ཟླ་མཇུག་གོང་དམག་མི་གསར་པ་ཚང་མ་དམག་སྒར་ནང་སླེབས་ཚར་བ་བྱ་རྒྱུ་རེད། ད་ཐེངས་དམག་མི་བསྡུ་རིང་དམག་མི་གནད་སྨིན་སྙོམ་སྒྲིག་རོགས་སྐྱོར་མ་ལག་ཚོད་ལྟའི་ངང་སྤྱོད་རྒྱུ་ཁྱབ་གདལ་བཏང་ནས་དམག་ཞུགས་དང་ལེན་གཞོན་ནུའི་ཕྱོགས་བསྡུས་བྱང་ཚད་ལ་ཚད་འབེབས་དཔྱད་དཔོག་བྱས་པ་བརྒྱུད་མི་སྒེར་གྱི་འདོད་མོས་དང་། དཔུང་སྡེའི་དགོས་མཁོ། འཇོན་ཐང་བཅས་དང་ཟུང་འབྲེལ་བྱས་ཏེ་མ་ལག་གིས་རང་འགུལ་ངང་དམག་མི་གནད་སྨིན་སྙོམ་སྒྲིག་རོགས་སྐྱོར་ཇུས་གཞི་བཟོས་ནས་དམག་བསྡུ་གནད་སྨིན་དང་ལེགས་འདེམས་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།