དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་གྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-20

    དབང་སྐྱོན་ཚོགས་སྤྱིར་རོགས་སྐྱོར་གནད་སྨིན་བྱེད་པ་དང་། ལས་ཞུགས་བརྟན་པོ་ཡོང་བ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས“དབང་སྐྱོན་གྱི་ལས་ཞུགས་ལ་རོགས་སྐྱོར་བྱེད། དྲོ་སྐྱིད་སྦྱིན་ནས་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དབང་སྐྱོན་གྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་རིམ་སྤེལ་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

    ལས་ཞུགས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་གནད་སྨིན་བྱེད་པར་དམིགས་ཏེ་ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དབང་སྐྱོན་གྱི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་མཉམ་དུ་གཉེར་ཞིང་། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་བསྡོམས་མི་སྤྱོད་ཚན་པ་13ཞུགས་ཏེ་ལས་གནས་20མཁོ་འདོན་བྱས་ནས་ལས་ཀ་འཚོལ་མཁན་ལ་ལས་ཞུགས་གདམ་ག་སྣ་ཚོགས་བཏོད་ཡོད། དེའི་ནང་དྲ་ཕྱིའི་ལས་མི་བསྡུ་བའི་འདུ་ཚོགས་ལ་བསྡོམས་མི་27ཞུགས་པ་དང་དྲ་ཐོག་གི་འདུ་ཚོགས་ལ་བསྡོམས་མི་400ལྷག་ཙམ་ཟིན་ཡོད་པ་རེད། ས་གནས་ས་ཐོག་ཏུ་ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད་ལས་ཀ་འཚོལ་མཁན་མང་པོ་ཞིག་གིས་མི་སྤྱོད་ཚན་པ་དང་ལས་ཞུགས་འདོད་མཐུན་བཞག་ཡོད་པ་རེད།

    ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་དབང་སྐྱོན་གྱི་ལས་འཚོལ་སྲིད་ཇུས་བློ་འདྲི་དང་། ལས་གནས་འབྲེལ་མཐུད། ལས་འཚོལ་ཐོ་འགོད་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུའི་ཆེད་ཁུལ་ཡང་བཙུགས་ཡོད་པ་དང་། ལས་དོན་པས་དབང་སྐྱོན་ཚོགས་སྤྱིས་དོ་ཁུར་བྱེད་པའི་ལས་ཞུགས་སྲིད་ཇུས་དང་ལས་གནས་ཀྱི་བླང་བྱ་སོགས་ཀྱི་གནད་དོན་རེ་རེ་བཞིན་ལ་ལན་བརྒྱབ་པ་མ་ཟད། ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་ལག་དེབ་48དང་དྲིལ་བསྒྲགས་དངོས་རྫས་177སྤྲད་ནས་དམངས་ཕན་སྲིད་ཇུས་དབང་སྐྱོན་ཚོགས་སྤྱིས་ཤེས་རྟོགས་བདེ་བླག་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།