དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང《ཞི་ཅིན་ཕིང་དང་གྲོཌ་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་དང་པོ་དང་གཉིས་པའི་ཟོར་ལྕིའི་ཡི་གེའི་དཔར་མ་ཤང་ཀང་དུ་པར་ཕུད་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-20

    ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་དང་པོ་དང་གཉིས་པའི་ཟོར་ལྕིའི་ཡི་གེའི་དཔར་མ་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། ཟླ་3ཚེས་18ཉིན། ཟོར་ལྕིའི་ཡི་གེའི་དཔར་མའི་དེབ་གསར་གསུམ་གྱི་འགྲེམས་སྤེལ་ཚོཌ་འདུ་དང་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཤང་ཀང་དུ་འཚོགས་པ་རེད།

    《ཞི་ཅིན་ཕིང་གི་དཔལ་འབྱོར་གསུང་རྩོམ་གཅེས་བཏུས》དེབ་དང་པོའི་ནང་། བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་12པའི་བར་གྱི་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་ཆེས་གལ་ཆེ་དང་ཆེས་གཞི་རྩའི་རྩོམ་ཡིག་བསྡུས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་གནང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་གཅིག་སྡུད་ཐོག་མཚོན་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གནས་ཚད་གསར་པ་བཏོད་པ་གཅིག་སྡུད་ཐོག་མངོན་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མཚོན་པའི་དབང་གྲགས་ལྡན་པའི་རྩོམ་ཡིག་ཅིག་རེད། 《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་དང་པོ་དང་གཉིས་པའི་ནང་། བློ་མཐུན་ཞི་ཅིན་ཕིང་ས་གནས་དང་ཀྲུང་དབྱང་དུ་ཕྱག་ལས་གནང་རིང་སློབ་གྲྭ་ཆེ་མོ་བ་ཚོ་དང་འགྲོ་འོང་དང་། སྤེལ་རེས། སྙིང་གཏམ་ཤོད་རེས་བཅས་གནང་བའི་གཏམ་རྒྱུད་བརྗོད་དེ་ཁོང་གིས་གཞོན་ནུ་དང་ལྷག་པར་དུ་སློབ་གྲྭ་ཆེ་མོ་བ་ཚོར་ཐོག་མཐའ་བར་གསུམ་དུ་དོ་ཁུར་དང་། ཐུགས་ཁུར། གཅེས་སྐྱོང་བཅས་གནང་ལུགས་ཇི་མ་ཇི་བཞིན་བཀོད་ཡོད་པས། དེ་ནི་བློ་མཐུན་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཀློག་དེབ་ཡག་པོ་ཞིག་རེད།

    ཟོར་ལྕིའི་ཡི་གེའི་དཔར་མའི་དེབ་གསུམ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཤང་ཀང་དང་ཨའོ་མོན་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གོ་བ་གཏིང་ཟབ་ལེན་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་དེ་བཞིན་གཞོན་ནུའི་མི་རབས་ཀྱིས་རྒྱལ་ཁབ་དང་། མི་རིགས། རིག་གནས་བཅས་ལ་མོས་སེམས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དེ་བས་ལེགས་པའི་ངང་ཞུགས་པ་དང་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སེམས་མཐུན་སྟོབས་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

    ཤང་ཀང་དམིཌ་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། ཤང་ཀང་གི་རྒྱལ་གཅེས་ཀང་གཅེས་ལས་ཁུངས་དང་སྲིད་ཚོཌ་དང་སྤྱི་ཚོཌ་ཚོཌ་པའི་འཐུས་མི། ཤང་ཀང་གི་དཔལ་འབྱོར་དང་། རིག་གནས། སློབ་གསོ་བཅས་ལས་རིགས་ཀྱི་འཐུས་མི། ཤང་ཀང་གཞོན་ནུའི་འཐུས་མི་བཅས་དེབ་གསར་འགྲེམས་སྤེལ་ཚོཌ་འདུ་དང་དཔེ་སྐྲུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཟོར་ལྕིའི་ཡི་གེའི་དཔར་མའི་དེབ་གསུམ་པོ་ཚེས་18ཉིན་ནས་བཟུང་ཤང་ཀང་དང་ཨའོ་མོན་གྱི་དཔེ་ཚོང་ཁང་ཆེ་གྲས་ཁག་ཏུ་ཕྱོཌ་ཡོངས་ནས་བསྒྲིཌ་པ་དང་འབྲེལ་གཙོ་གནད་ཐོག་འོས་སྦྱོར་འགྲེམས་འཚོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།