དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-20

    ཟླ་3ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་མཛའ་གྲོགས་ཀྱི་འཚམས་འདྲིར་ཕེབས་པའི་ཏུར་མེན་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་མཛའ་གྲོགས་ཀྱི་འཚམས་འདྲིར་ཕེབས་པའི་ཏུར་མེན་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མི་རིང་བའི་གོང་། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས“ལོ་ལྔ་ཚན་བཅུ་ལྔ་པའི”འཆར་འགོད་རྩ་གནད་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་ཡོད། འཆར་འགོད་རྩ་གནད་ལག་བསྟར་བྱས་པ་དེས་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལའང་ཕན་པ་ཐོབ་རྒྱུ་རེད། ཏུར་མེན་སི་ཐན་རང་བཙན་བྱུང་ནས་ལོ་35སོང་རིང་། རང་བཙན་རང་བདག་དང་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། རྟ་ལོ་ཤར་མ་ཐག ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྲོག་ཤིང་གི་དོན་སྙིང་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཡུན་རིང་བར་གནས་སྲིད་ཇུས་ལག་བསྟར་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཏུར་མེན་སི་ཐན་ཕྱོགས་ཀྱིས་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཞིག་ཀྱང་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བསྐྱར་དར་གྱི་དར་གོས་ལམ་བུའི”འཐབ་ཇུས་སྦྲེལ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་གཞི་ཁྱོན་ཆེ་རུ་གཏོང་བ། ཚོང་དོན་དང་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ། ཕན་ཚུན་སྦྲེལ་མཐུད་དང་། ཞིང་ལས། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ་སོགས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ལུའུ་པན་བཟོ་ཁང་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས། ཕན་ཚུན་གཉིས་ཀར་རིག་གནས་ལྟེ་གནས་འཛུགས་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་མཉམ་ལས་ཀྱི་བཀོད་པ་གསར་པ་གཏོད་དགོས། “ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཆེད་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་སྐྲུན་དགོས། མིག་སྔར། གོ་ལ་ཧྲིལ་པོར་འགྲན་སློང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བཅས་བྱས་ཏེ་དྲང་གཞག་དྲང་བདེན་དང་སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྩ་འགྱུར་ལ་སྣེ་ཁྲིད་བྱེད་འདོད་ཡོད།

    པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཡིས་གསུངས་དོན། རླབས་ཆེན་གྱི་ཀྲུང་གོར་འཚམས་འདྲིར་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཏེ་བྱ་གཞག་ཁག་གི་འཕེལ་རྒྱས་སྐོར་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བར་རྟེན་འབྲེལ་ཞུ་གི་ཡིན། ཀྲུང་གོའི་དར་རྒྱས་གོང་འཕེལ་གྱིས་འཛམ་གླིང་ལ་ཕན་པ་ཐོབ་ཡོད། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ངེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ངོ་མའི་སྐུལ་འདེད་འོག་ཏུར་ཀྲུང་མཛའ་གྲོགས་འབྲེལ་བ་མགྱོགས་ལ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཁྲིམས་འཛུགས་སྒྲིག་གཞི་དང་ཏང་དབར་གྱི་འགྲོ་འོང་ཟབ་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་བཅས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་ཆུ་ཚད་མཐོ་པོར་སླེབས་ཡོད། ཏུར་ཀྲུང་གི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་མཐུན་རྐྱེན་གལ་ཆེན་ལ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕུགས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་དང་། ཚོང་དོན། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ་དར་རྒྱས་གོང་འཕེལ་མཉམ་དུ་དོན་གཉེར་དང་བདེ་འཇགས་བརྟན་ལྷིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཏུར་མེན་སི་ཐན་གྱི་ཡུན་རིང་བར་གནས་ཀྱི་གནས་བབ་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བར་ཏུར་མེན་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་འཛམ་གླིང་རིམ་པའི་གཙོ་འཛིན་ཡིན་པའི་ངོས་ནས་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡིན་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་གཞུང་དྲང་གི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་གནང་བར་བསྔགས་བརྗོད་ཀྱང་ཞུ་གི་ཡིན། ཏུར་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།