2025ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ལྷག་ཙམ་ཟིན་པ།
ལོ་གོང་མ་ལས་5.5%འཕར་བ།
རང་བྱུང་ཐོན་ཁུངས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་བསྡོམས་རྩིས་ཀྱི་སྤྱི་བསྒྲགས》ལས་མངོན་པར། ཞིབ་རྩིས་རགས་ཙམ་བརྒྱབ་ན། 2025ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་110180ཟིན་པ་དེ་ལོ་གོང་མ་ལས་5.5%འཕར་ནས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་ཚད་7.9%ཟིན་པ་དང་། ཐོན་ལས་གསུམ་པོའི་གྲུབ་ཚུལ་ནས་བལྟས་ཚེ། རྒྱ་མཚོའི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་4923དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་41017 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་64240བཅས་ཟིན་པ་དེས་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་4.5%དང་། 37.2% 58.3%བཅས་སོ་སོར་བཟུང་ཡོད།
རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། རྒྱ་མཚོའི་ཆུའི་ཐོན་རྫས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་དྲ་ཚོང་ཐད་གཏོང་སོགས་སྣ་མང་ཅན་གྱི་ཕྱིར་ཚོང་དང་མགྱོགས་མྱུར་སྡེབ་སྐྱེལ་གྱི་ཞབས་ཞུ་བྱེད་མགྱོགས་སུ་ཕྱིན་པ་དང་། རྒྱ་མཚོའི་སྣུམ་རླངས་ཐོན་ཁུངས་མཁོ་སྤྲོད་འགན་ལེན་གྱི་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། 2025ལོར་རྒྱ་མཚོའི་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཚད་ལོ་གོང་མ་ལས་3.4%དང་17.0%སོ་སོར་འཕར་ཡོད། རྒྱ་མཚོའི་ལས་གྲྭའི་ཨར་ལས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། རྒྱ་མཚོའི་གྲུ་གཟིངས་བཟོ་ལས་རྒྱུན་མཐུད་མགྱོགས་མྱུར་འཕར་ཏེ་ལྗང་མདོག་ཐཱན་ཉུང་ཅན་དང་། ཆེ་གྲས་ཅན། རྩེར་སོན་ཅན་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱ་མཚོའི་རྫས་འགྱུར་བཟོ་ལས་ཀྱི་འཕར་ཚད་མགྱོགས་སུ་ཕྱིན་ཡོད། རྒྱ་མཚོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་པོ་བྱུང་ནས། 2025ལོར་རྒྱ་མཚོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་ལོ་གོང་མ་ལས་5.1%དང་6.8%སོ་སོར་འཕར་ཡོད། རྒྱ་མཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་2025ལོར་འཕར་ཐང་སྒོར་དུང་ཕྱུར་16273ཟིན་ཡོད།
རྒྱ་མཚོའི་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་ཞིང་། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གང་མགྱོགས་སླར་གསོ་བྱུང་ནས་2025ལོའི་འཕར་ཐང་ལོ་གོང་མ་ལས་10.2%འཕར་ཡོད། རྒྱ་མཚོའི་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གསར་གཏོད་ཀྱི་གྲུབ་འབྲས་གང་མགྱོགས་ཐོན་ཡོད། མཚོ་ཐོག་རླུང་གློག་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། 2025ལོར་གསར་དུ་འཕར་བའི་དྲ་སྦྲེལ་ཤོང་ཚད་ལོ་གོང་མ་ལས་60%ལྷག་ཙམ་འཕར་ཡོད། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ་དང་ཕྱོགས་བསྡུས་བེད་སྤྱོད་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།