དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་དཔྱིད་ཆུ་རིམ་བཞིན་གཏོང་འགོ་ཚུགས་པ།

    ཞིང་ཆེན་16གི་ཞིང་ཆུ་གཏོང་ཁྱོན་མུའུ་ཁྲི་5700ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-19

    གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་གཅིག་རྗེས་གཉིས་མཐུད་ངང་དཔྱིད་ཆུ་འདྲེན་པ་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། ཟླ་3ཚེས་15ཉིན་བར་ཞིང་ཆེན་16ལ་དཔྱིད་ཆུ་གཏོང་འགོ་ཚུགས་ཏེ་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་49བཏང་ནས་ཞིང་ཆུ་གཏོང་ཁྱོན་མུའུ་ཁྲི་5700ཟིན་ཡོད།

    མིག་སྔར། རྒྱལ་ཡོངས་ཀྱི་གཙོ་གནད་ཆུ་མཛོད་ཀྱི་ཆུ་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4973ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་བཅུ་ཆ་གཅིག་ཙམ་གྱིས་མང་བ་ཡོད་པ་དང་། གཙང་པོ་དང་ཆུ་བོའི་རྒྱུན་གཏན་གྱི་ཆུ་རྒྱུན་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་ཡིན་པས། དཔྱིད་དུས་ཀྱི་ཞིང་ཆུ་གཏོང་བར་སྤྱིར་ན་འགན་ལེན་ཐུབ་ཡོད་པ་རེད། མིག་སྔར་རྒྱལ་ཡོངས་ཀྱི་ས་ཞིང་གི་སེར་ལངས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་པས་ས་གནས་ཁག་གི་དཔྱིད་ཆུ་གཏོང་འགོ་ཚུགས་པའི་དུས་ཚོད་ན་ནིང་ལས་ཅུང་ཕྱི་བ་བྱུང་ནས་མུའུ་རེའི་ཆ་སྙོམས་ཆུ་གཏོང་ཚད་ཅུང་ཆག་ཡོད།

    ཆུ་བེད་པུའི་རྨ་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་ཟླ་3ཚེས་1ཉིན་ནས་བཟུང་ཞའོ་ལང་ཏི་ཆུ་མཛོད་ནས་ཆུ་གློད་ཤུགས་ཆེ་རུ་བཏང་ནས་ཧྲན་ཏུང་དང་ཧོ་ནན་སོགས་ཀྱི་རྨ་ཆུ་འདྲེན་པའི་ཞིང་ཆུ་གཏོང་ཁུལ་དུ་སྔ་སྣུར་ནས་ཆུ་བསགས་ཏེ་དཔྱིད་ཆུ་གཏོང་མང་བའི་དུས་ཚོད་ལ་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་བྱས་ཡོད། ལྷོ་ཕྱོགས་ཆུ་འབྲས་ཁུལ་གྱིས་ཞིང་ཁའི་ཆུ་ཡུར་གཙང་བཤངས་དང་དེ་བཞིན་ཆུ་སྐྱོན་བྱུང་བའི་ལས་གྲྭ་ཉམས་གསོ་སོགས་བྱེད་མགྱོགས་སུ་བཏང་ནས་དཔྱིད་ཆུ་གཏོང་བར་མཐུན་རྐྱེན་སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།