དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དྲུག་གིས་2027ལོར་འོད་ཤུགས་ལྷུ་ལག་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་ཏུན་ཁྲི་25ཟིན་པ་བྱ་རྒྱུ་ཡིན་ལུགས་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཤེས་རྟོགས་བྱས་པར། ཉེ་ཆར་བཟོ་འཕྲིན་པུའུ་སོགས་སྡེ་ཚན་དྲུག་གིས་འོད་ཤུགས་ལྷུ་ལག་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་བཀྲམ་ནས་2027ལོར་སླེབས་སྐབས་འོད་ཤུགས་ལྷུ་ལག་ལྗང་མདོག་ཐོན་སྐྱེད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ལྕགས་རིགས་བཙོ་སྦྱང་དང་། སྒྲིག་ཆས་བཟོ་སྐྲུན། འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་སུ་འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་སྔར་བས་བྱེད་རྒྱ་ཆེ་རུ་གཏོང་བ། འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་ཀྱི་རྐང་འཛིན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་རིམ་རྩིས་བརྒྱབ་ན་ཏུན་ཁྲི་25ཟིན་པ་བཅས་བྱ་རྒྱུ་ཡིན་ལུགས་བཏོན་པ་རེད།

    མཛུབ་ཁྲིད་བསམ་འཆར་ནང་ད་དུང་བཏོན་དོན། 2030ལོར་སླེབས་སྐབས་འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཐོན་ལས་གསར་གཏོད་དང་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་རྫས་བཀོལ་སྤྱོད་བྱ་ཡུལ་དང་བཀོལ་སྤྱོད་བྱེད་སྟངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་དམ་ཟབ་དང་། ཐོན་ནུས་ཀྱི་བཀོད་པ་ལུགས་མཐུན། གཞི་ཁྱོན་ཆེན་པོས་རྙིང་དོར་བྱེད་མང་བར་ཁ་གཏད་གཅོག་པ་བཅས་ཀྱི་འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ནུས་པ་གྲུབ་པར་བྱ་རྒྱུ་རེད།

    མཛུབ་ཁྲིད་བསམ་འཆར་ནང་བླང་བྱ་བཏོན་དོན། འོད་ཤུགས་ལས་རིགས་ཀྱི་ལྗང་མདོག་ཇུས་འགོད་དང་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འོད་ཤུགས་ལྷུ་ལག་བཤིག་བདེ་བ་དང་སྤྱོད་སླ་བའི་ཆུ་ཚད་མཐོ་རུ་གཏོང་བ། བསྐྱར་སྐྱེས་རྒྱུ་ཆའི་བེད་སྤྱོད་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། འོད་ཤུགས་ལྷུ་ལག་གོ་རིམ་ལྡན་པའི་ངང་རྙིང་དོར་བྱེད་པར་སྐུལ་འདེད་གཏོང་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་འོད་ཤུགས་ཀྱི་ལྷུ་ལག་རྙིང་པ་ཚད་ལྡན་ངང་སྤུས་འཚོང་བྱེད་པར་ཁྲིད་སྟོན་བྱེད་དགོས་པ། ལྗང་མདོག་ནུས་ཆེའི་ལྷུ་ལག་བཤིག་བཀྲོལ་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་གཏོར་བཤིག་མི་ཐེབས་པའི་བཤིག་བཀྲོལ་ལག་རྩལ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཤེལ་སྭེལ་གློག་རྫས་ལེབ་མོའི་ལྕགས་སྐུད་ཀྱི་རྒྱུ་ཆ་ལེན་པར་སྐུལ་འདེད་གཏོང་དགོས་པ། འོད་ཤུགས་ཀྱི་ལྷུ་ལག་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འོད་ཤུགས་ལྷུ་ལག་ཐོན་སྐྱེད་ཀྱི་ཁེ་ལས་དང་། འོད་ཤུགས་གློག་ཁང་། ཕྱོགས་བསྡུས་བེད་སྤྱོད་ཁེ་ལས་སོགས་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།