སྤུས་ཚད་མཐོ་རུ་དང་ཁྱབ་ཁྱོན་རྒྱ་ཆེར་གཏོང་བ།
2026ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ལེགས་བཅོས་ཀྱི་དམིགས་ཚད་ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ལེགས་བཅོས་ཀྱི་དམིགས་ཚད་ནང་2025ལོའི་དམིགས་ཚད་ཁག་གཉིས་ལེགས་སྒྲིག་བྱས་ཏེ། སྤུས་ཚད་མཐོ་རུ་དང་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚོད་འཛིན་ལྟེ་གནས་ཁག་ལ་ཆེད་ལས་དེ་གའི་2026ལོའི་སྤུས་ཚད་ཚོད་འཛིན་ལས་དོན་ལེགས་བཅོས་ཀྱི་དམིགས་ཚད་ཞིབ་འཇུག་དང་བཟོ་བར་མཛུབ་ཁྲིད་བྱས་པ་དེ་དབུགས་ལམ་ཁོག་ནད་ཚན་ཁག་དང་། དབང་པོ་མཛེས་བཟོ་དང་རྣམ་པ་མཛེས་བཟོ། ནད་ཐོག་བརྟག་དཔྱད། དབང་རྩའི་གསོ་རིག་སོགས་ཀྱི་ཆེད་ལས་ཁག་45དང་འབྲེལ་བ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་སྤུས་ཚད་དང་བདེ་འཇགས་ལེགས་བཅོས་ཀྱི་དམིགས་ཚད་ནང“དོས་དྲག་ཁྲག་གྲིབ་ནད་ལྡུག་བཅོས་བསྐྱར་མ་བྱེད་ཚད་མཐོ་རུ་གཏོང་བ”དེ“ཀླད་པའི་ཁྲག་རྩའི་ནད་མྱུར་གཤིས་སྐབས་ཀྱི་ཚད་ལྡན་ནད་བརྟག་སྨན་བཅོས་བྱེད་ཚད་མཐོ་རུ་གཏོང་བར”ལེགས་སྒྲིག་བྱས་ནས། ལས་རིགས་ལ་ཀླད་པའི་ཁྲག་རྩའི་ནད་མྱུར་གཤིས་སྐབས་ཀྱི་ཚད་ལྡན་ནད་བརྟག་སྨན་བཅོས་དང་སྤུས་ཚད་བདེ་འཇགས་ལ་དམིགས་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
པར་གཞི་གསར་པའི་ལེགས་བཅོས་དམིགས་ཚད་ནང་། ད་དུང“སྐྲན་ནད་སྨན་བཅོས་མ་བྱས་གོང་གི་ནད་ཐོག་སྨན་བཅོས་TNMདུས་བགོས་དཔྱད་དཔོག་བྱེད་ཚད”དེ“སྐྲན་ནད་སྨན་བཅོས་མ་བྱས་གོང་གི་ནད་ཐོག་སྨན་བཅོས་དུས་བགོས་དཔྱད་དཔོག་བྱེད་ཚད”ལ་ལེགས་སྒྲིག་བྱས་ཤིང་། ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཁྲོད་སྐྲན་ནད་རིགས་མི་འདྲ་བར་སྤྱོད་པའི་ནད་ཐོག་སྨན་བཅོས་ཀྱི་དུས་བགོས་ཀྱང་མི་འདྲ་བར་བསམ་གཞིག་བྱས་པ་དང་། ད་ཐེངས་ལེགས་སྒྲིག་བྱེད་པའི་དམིགས་ཡུལ་ནི་སྐྲན་ནད་རིགས་དེ་བས་མང་བ་ལེགས་བཅོས་ཀྱི་དམིགས་ཚད་ཁྱབ་ཁོངས་སུ་འཇུག་རྒྱུ་དེ་རེད།
འབྲེལ་ཡོད་གསར་འགྱུར།