ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས།
བོད་བྱང་ཐང་ས་མཐོའི་མྱུར་སྐྱེལ་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།
གསར་འགོད་པར་ནག་ཆུ་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་16ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་སྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་པའི“མྱུར་སྐྱེལ་སྒོ་རྩར་སྐྱེལ་བའི”འགོ་ཚུགས་མཛད་སྒོ་བདེ་བླག་ངང་འཚོགས་ནས། གསེར་རྙེད་ཆུས་འདི་ཉིད་ནག་ཆུ་གྲོང་ཁྱེར་གྱི་མྱུར་སྐྱེལ་སྒོ་རྩར་སྐྱེལ་བའི་རྫོང(ཆུས)དང་པོར་གྱུར་ཡོད་ལ། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི“མྱུར་སྐྱེལ་སྒོ་རྩར་སྐྱེལ་བའི”བསམ་འདུན་མངོན་འགྱུར་བྱུང་སྟེ་བོད་བྱང་ཐང་ས་མཐོའི་མྱུར་སྐྱེལ་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཡོད།
གསེར་རྙེད་ཆུས་ནི་བོད་བྱང་ཐང་ས་མཐོར་གནས་པ་དང་འབྲོག་ཁུལ་ས་རྒྱ་ཆེ་ལ་མང་ཚོགས་སྡོད་གནས་ཁ་ཐོར་ཡིན་ཞིང་། དུས་ཡུན་རིང་པོའི་ནང་སྐུར་སྐྱེལ་ཟོག་འགྲུལ་གྱི་མཇུག་སྣེའི་སྡེབ་སྐྱེལ་རྗེས་ལུས་ཐེབས་པ་དང་ཤར་གཏོང་ཐུབ་ཚད་ཉུང་ཉུང་ཡིན་པས། དེ་ཉིད་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་འགག་གནད་དང་དཀའ་གནད་ཅིག་ཏུ་གྱུར་ཡོད། དཀའ་གནད་དེ་སེལ་ཆེད། གསེར་རྙེད་ཆུས་ཀྱིས་མྱུར་སྐྱེལ་སྒོ་རྩར་སྐྱེལ་རྒྱུ་དེ་སྲིད་གཞུང་གི་ལོ་འཁོར་གྱི་དམངས་འཚོའི་དོན་དངོས་གཙོ་བོ་ཞིག་ལ་བརྩི་བ་དང་། རང་འགུལ་ངང་ཇུས་འགོད་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་192.5བཏང་སྟེ་སྐུར་སྐྱེལ་ཟོག་འགྲུལ་གྱི་མཇུག་སྣེའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེབ་སྐྱེལ་དྲ་རྒྱའི་བཀོད་སྒྲིག་ལེགས་སུ་གཏོང་བ། སྒྲིག་ཆས་དང་མི་སྣ་ཆ་ཚང་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་སྤྱད་པ་མ་ཟད། སྲིད་གཞུང་དང་ཁེ་ལས་ཀྱི་ཐོན་ཁུངས་སྤྱི་འདོམས་དང་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྡེབ་སྐྱེལ་ཞབས་ཞུ“ས་ཚིགས་ནས་ལེན་པ”ནས“སྒོ་རྩར་སྐྱེལ་བའི”བར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
དུས་འགོའི་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། གསེར་རྙེད་ཆུས་ཀྱིས“ས་ཁོངས་ཡོངས་ཁྱབ་དང་། སྟབས་བདེ་ནུས་ཆེ། བདེ་འཇགས་ཚད་ལྡན”བཅས་ཀྱི་མཇུག་སྣེའི་སྐུར་སྐྱེལ་ཞབས་ཞུའི་མ་ལག་བདེ་བླག་ངང་བཙུཌ་ནས། འབྲོག་ཁུལ་གྱི་སྐུར་སྐྱེལ་ཞབས་ཞུའི“མཐའ་མའི་འགག་གནད”རྦད་དེ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།