དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-19

    ཚེས་17ཉིན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་ལོ་ལྔ་ཚན་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་དང་། བྱང་ཚད་མཐོ་བའི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་གྱི་ལག་ལེན་གལ་ཆེན་བཅས་རེད། དེས་ན་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དམངས་གཙོ་དར་སྤེལ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ཁྲིམས་ལྟར་ལས་དོན་ནན་པོ་སྒྲུབ་པ་དང་སྐབས་བརྗེའི་འདེམས་བསྐོ་སྲོལ་བཟང་དང་སྤྱོད་བཟང་ཡོང་བའི་འགན་ལེན་བཅས་བྱེད་དགོས། སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་གནད་འགག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། འཐུས་མིའི་ཁ་གྲངས་ཁྲིམས་བཞིན་གཏན་འཁེལ་བྱེད་པ་དང་བགོ་བཤའ་རྒྱག་པ། འདེམས་ཁུལ་ལུགས་མཐུན་དབྱེ་འབྱེད་དང་འདེམས་དམངས་ཐོ་འགོད་ཡག་པོ་བྱེད་པ། ཁྲིམས་ལྟར་འཐུས་མིའི་གདམ་བྱའི་འོས་མི་འོས་སྦྱོར་དང་། གཏན་འཁེལ། རྟོག་ཞིབ་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་པ་མ་ཟད། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱ་རྒྱུ་ཁྲིམས་ལྟར་སྒྲིག་འཛུགས་ཡག་པོ་བྱེད་དགོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་གོང་གི་གྲ་སྒྲིག་ལས་ཀ་གཏིང་ཟབ་ལ་ཏན་ཏིག་སྒྲུབ་པ། གནད་དོན་སྣ་ཚོགས་ལ་འོས་འཚམ་ངང་ཁ་གཏད་གཅོག་པ་དང་ཐག་གཅོད་བཅས་བྱས་ནས། སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་ལས་འགན་ཁག་བདེ་བླག་དང་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།