དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ནས་བདམས་ཐོན་བྱུང་བའི་གྲོང་ཁྱེར་དང་པོ།

    གཞིས་རྩེ་གྲོང་ཁྱེར་2026ལོའི་རྒྱལ་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་ཚོད་ལྟའི་གྲོང་ཁྱེར་དུ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-19

     གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བཀའ་མཆན་ཐོབ་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་འདི་ཉིད་2026ལོའི་རྒྱལ་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་ཚོད་ལྟའི་གྲོང་ཁྱེར་དུ་བདེ་བླག་ངང་བདམས་པ་དེ་ནི་བོད་ནས་བདམས་ཐོན་བྱུང་བའི་གྲོང་ཁྱེར་དང་པོ་དེ་ཡིན་པ་རེད།

    ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་བ་དེ་ལས་རྒྱལ་ཁབ་ཀྱིས་བོད་ཀྱི་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན་ཡོད་ལ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་བོད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་ཀྱང་ཡིན་པས། གཞིས་རྩེ་གྲོང་ཁྱེར་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་དུ་མགྱོགས་མྱུར་སྐྲུན་ཆེད་སྒུལ་ཤུགས་ཆེན་པོའང་བསྣན་ཡོད་ཅེས་བརྗོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་དུ་སྐྱིད་གྲོང་དང་། འགྲམ། ལེགས་རྩེ་སོགས་འགག་སྒོ་དང་གྲོ་མོ་རྫོང་གི་སྣ་སྟོད་ལའི་མཐའ་མཚམས་ཚོང་དོན་བགྲོད་ལམ་ཡོད་པ་དང་། དེ་ནི་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་འགག་རྩའི་ཁུལ་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གྲོང་ཁྱེར་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་145ལྷག་ཙམ་ཟིན་པ་དེས་བོད་ཡོངས་ཀྱི་བསྡོམས་འབོར་གྱི་35.8%བཟུང་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་སོགས“ཐོན་རྫས་གསར་པ་གསུམ”དང་ནས་ཀྱི་ཐོན་རྫས་སོགས“བོད་ཁུངས་མིང་ཅན”གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་པ་དེས་ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞི་བརྟན་པོ་དང་བགྲོད་ལམ་གྱི་ལེགས་ཆ་རྒྱུན་མཐུད་ངང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།