དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོར་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་ཀྱི་ཚོད་ལྟའི་གྲོང་ཁྱེར་45བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་གི་འགྱུར་ལྡོག་གསར་ཤོས་ལ་དམིགས་ནས་ཚེས་16ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ་སོགས་སྡེ་ཚན(ཚན་པ)24དང་མཉམ་དུ་དུས་ཡུན་ཟླ་བ་6གི་2026ལོའི་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་སུན་མེ་ཅུན་གྱིས་དེ་ཉིན་འཚོགས་པའི་2026ལོའི་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུའི་ཐོག ན་ནིང་དང་བསྡུར་ན་ད་ལོའི་ཆེད་དོན་བྱ་སྤྱོད་ཀྱི་ཚོད་ལྟའི་གྲོང་ཁྱེར་གྱི་གཞི་ཁྱོན་སྔར་བས་རྒྱ་ཆེ་རུ་ཕྱིན་ནས་ཧུའུ་ཧོ་ཧའོ་ཐེ་དང་། ཁྲང་ཁྲུན། སུའུ་ཀྲོའུ། ཅིན་ཧྭ། ཆོན་ཀྲོའུ། ནན་ཁྲང་། ཡན་ཐའེ། ཝུའུ་ཧན། ཁྲང་ཧྲ། ཀྲུའུ་ཧའེ། ནན་ཉིང་། ཁུན་མིང་། ཤིས་ཨན་སོགས་གྲོང་ཁྱེར་20མང་དུ་ཕྱིན་པ་དང་ཁྱོན་གྲོང་ཁྱེར་45ཞུགས་ཡོད་ཅེས་བརྗོད་པ་རེད།

    2018ལོ་ནས་བཟུང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལོ་ལྟར་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། 2025ལོ་བར་རིམ་རྩིས་བརྒྱབ་ན། སྟབས་བདེ་ཅན་གྱི་བྱ་ཐབས་ཁག་144བཏོན་པའི་ནང་ལག་བསྟར་ཆོག་པའི་བྱ་ཐབས་ཁག་110རྒྱལ་ཡོངས་སུ་འདྲ་བཟོ་བྱས་ནས་ཁྱབ་གདལ་བཏང་ཡོད

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།