དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིང་འཛུགས་ནགས་བཟོ་བྱས་ནས་ས་གཞི་སྔོ་ལྗང་གིས་བརྒྱན་པར་བྱས།

    ཀྲང་ཡན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-18

    རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་པར་གཙོ་གནད་ཡུན་རིང་གི་འབད་འཐབ་ལ་ཐུག་ཡོད།

    གྲངས་གཞི་ཁག་གཉིས་ལས་ཀྲུང་གོའི་འགན་འཁྲི་གང་ལེགས་མངོན་ཞིང་། 2025ལོར་རང་རྒྱལ་གྱིས་ནགས་བཟོ་རྒྱ་ཁྱོན་སྤྱི་ཆིང་ཁྲི་356.3ལེགས་སྒྲུབ་བྱས་པ་དང་ནགས་ཚལ་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་209.88ཟིན་ཡོད། 2026ལོར་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་འགན་མུའུ་དུང་ཕྱུར་1ཙམ་ཟིན་གྱི་ཡོད་པ་རེད།

    སྔོ་འགྱུར་གྱི་འཆར་གཞི་དེ་ས་བཀྲར་འཁོད་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པ་མ་ཟད། འཕེལ་རྒྱས་ཁྲོད་ནས་མཛེས་སྡུག་འབྱུང་འགྱུར་དེ་བས་མངོན་གྱི་ཡོད།

    སྔོ་འགྱུར་ཇི་ཙམ་བྱས་ཚེ་ཐོན་སྐྱེད་ནུས་ཤུགས་གསར་མའི་གོ་སྐབས་དེ་བས་ཆེ་ཞིང་། འོད་ཤུགས་ལ་བརྟེན་ནས་བྱེ་བཅོས་བྱས་པས་བྱེ་ཐང་སྔོ་འགྱུར་དང་། ཐོན་ཁུངས་འཕར་ཐང་། ལག་རྩལ་འཕར་སྣོན་བཅས་མངོན་འགྱུར་ཐུབ་ཡོད། ཐཱན་འདུས་ཉོ་ཚོང་ལ་བརྟེན་ནས་ནགས་ར་སྔོ་འགྱུར་ཐུབ་པ་དང་། ཁེ་ལས་ལ་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་ཐུབ་པ། སྔོ་ལྗང་རི་ཀླུང་གི་རྨང་གཞི་སྔར་བས་བརྟན་དུ་དང་གསེར་རི་དངུལ་རིའི་ཕན་འབྲས་སྔར་བས་ཆེ་རུ་འགྲོ་བ་བཅས་བྱས་ཡོད།

    སྔོ་ལྗང་ནི་ལེགས་ཆ་ཆེ་ཤོས་དེ་རེད། དེ་ལས་ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡི་ལྗོན་ཤིང་འདེབས་པའི་སྐོར་གྱི་གཏམ་རྒྱུད་ཡིད་ལ་དྲན་ཞིང་། ལོ་རྒྱུས་ཐོག་གི“དུད་ཚང་ཚང་མས་ལྗོན་ཤིང་འདེབས་པ”ནས་ལོ་བཅུ་གྲངས་གོང་གི“རྒྱུས་མངའ་ལོན་པ་དང་། དགའ་ཞེན། སྲུང་སྐྱོང”བཅས་དར་སྤེལ་བཏང་བའི་བར། ད་ཆ་དེ་བས་འཚོ་སྡོད་རུང་བའི་གྲོང་ཁྱེར་དུ་གྱུར་པ་ཟད། ཚོང་གཉེར་ཁོར་ཡུག་ཀྱང་དེ་བས་ལེགས་སུ་ཕྱིན་ཡོད། ཡུལ་བབ་དང་བསྟུན་པ་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ་སྐྱེ་ཁམས་ལེགས་ཆ་དེ་བས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་སྐྱེ་ཁམས་ཕན་འབྲས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དེ་བས་ལེགས་པའི་སྒོ་ནས་གཏོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།