དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཡོངས་སུ་འཛད་སྤྱོད་ཀྱི་ཞུ་གཏུག་དང་ཐེར་འདོན་ཁྲི་2600ལྷག་ཙམ་བདག་སྤྲོད་བྱུང་བ།

    དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་40ལྷག་ཙམ་མི་ཕོག་པར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཀྱིས་12315ལས་སྟེགས་དང་ཁ་པར་སོགས་ཐབས་ལམ་བརྒྱུད་འཛད་སྤྱོད་པའི་ཞུ་གཏུག་དང་། ཐེར་འདོན། བློ་འདྲི་བཅས་ཁྲི་4386.6བདག་སྤྲོད་བྱས་པའི་ནང་ཞུ་གཏུག་དང་ཐེར་འདོན་ཁྲི་2646ཟིན་པ་དེ་དུས་མཚུངས་ལས་9.8%འཕར་ཡོད། ལོ་ཧྲིལ་པོར་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་43.5མི་ཕོག་པར་བྱས་པས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    འཛད་སྤྱོད་ཀྱི་ཞུ་གཏུག་བསྡོམས་འབོར་ཁྲི་2000ལས་ཐེངས་དང་པོར་བརྒལ་ནས་ཁྲི་2036.6ཟིན་པ་དེ་དུས་མཚུངས་ལས་9.3%འཕར་ཡོད། བཙོངས་རྗེས་ཀྱི་ཞབས་ཞུ་དང་། སྤུས་ཚད། བཟའ་བཅའི་བདེ་འཇགས། གན་རྒྱའི་གནད་དོན་བཅས་མདུན་གྲལ་དུ་སླེབས་པ་དང་། བཙོངས་རྗེས་ཀྱི་ཞབས་ཞུའི་ཞུ་གཏུག་བྱེད་ཚད་ལོ་གསུམ་བསྟུད་མར་ཨང་དང་པོར་སླེབས་པ། གན་རྒྱའི་གནད་དོན་གྱི་ཞུ་གཏུག་བྱེད་ཚད་དུས་མཚུངས་ལས་40.3%འཕར་ཏེ། དངུལ་ཕྱིར་སློག་བྱེད་དཀའ་བ་དང་། ཧམ་ཤེད་དོན་ཚན། ཁ་དན་ཚིག་ལ་མ་གནས་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།