དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཁྱེར་70ཡི་ཟླ་གཉིས་པའི་ཁང་གོང་གི་གྲངས་གཞི་ལས་ཁང་ཚོང་ཁྲོམ་རའི་འཕེལ་ཕྱོགས་བཟང་པོ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-18

    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཡོངས་ནས་བལྟས་ན། ཟླ་གཉིས་པར་གྲོང་ཁྱེར་ཆེ་འབྲིང་70ཡི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་ཆག་ཚད་མུ་མཐུད་ཆུང་དུ་ཕྱིན་ཡོད། གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་འཕར་བའམ་ཡང་ན་ཟླ་གོང་མ་དང་མཉམ་པའི་གྲོང་ཁྱེར་གྱི་གྲངས་འབོར་ཟླ་གོང་མ་ལས་འཕར་ཡོད། རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་ཆེ་འབྲིང་70དང་ལྷག་པར་དུ་ཚབ་མཚོན་རང་བཞིན་གྱི་གྲོང་ཁྱེར་རིམ་པ་དང་པོའི་ཁང་གོང་ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་བརྟན་དུ་འགྲོ་བའི་རྣམ་པ་མངོན་ནས། ཁང་གོང་སྔར་བས་ཆག་མཚམས་བཞག་ནས་ཅུང་སླར་གསོ་ཡོང་བའི་རྣམ་པ་བཟང་པོ་ཐོན་ཡོད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། ཟླ་2པར་གྲོང་ཁྱེར་རིམ་པ་དང་པོའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མར་0.3%ཆག་པ་ནས་སྙོམས་པར་གྱུར་ཡོད། དེའི་ནང་པེ་ཅིང་དང་ཧྲང་ཧའེ་གཉིས་ཀར་0.2%འཕར་བ་དང་། ཀོང་ཀྲོའུ་རུ་སྙོམས་པོ་བྱུང་ཡོད། ཧྲེན་ཀྲེན་དུ་0.3%ཆག་ཡོད། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པའི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་སྡོད་ཁང་གི་ཕྱིར་ཚོང་རིན་གོང་ཟླ་གོང་མ་ལས་0.2%དང་0.3%སོ་སོར་ཆག་པ་དང་ཆ་སྙོམས་ཆག་ཚད་བརྒྱ་ཆའི་གྲངས་0.1ཆུང་དུ་ཕྱིན་ཡོད། གྲོང་ཁྱེར་གྱི་གྲངས་འབོར་ཐད་ཟླ་གཉིས་པར་ཁང་པ་གསར་པའི་རིན་གོང་ཟླ་གོང་མ་ལས་འཕར་བའམ་ཡང་ན་ཆག་མཚམས་ཆད་པའི་གྲོང་ཁྱེར་17ཡོད་པ་དེ་ཟླ་གོང་མ་ལས་9འཕར་ཡོད། ལག་བརྒྱུད་ཁང་པའི་རིན་གོང་ཟླ་གོང་མ་ལས་ཆག་པའི་གྲོང་ཁྱེར་66བར་ཆག་པ་དེ་ཟླ་བ་གཉིས་བསྟུད་མར་ཆག་ཡོད།

    ན་ནིང་གི་ལོ་མཇུག་ནས་བཟུང་། ས་གནས་ཁག་གིས་ཁང་གོང་སྙོམས་སྒྲིག་སྲིད་ཇུས་100ལྷག་ཙམ་བཀྲམ་ཡོད། པེ་ཅིང་ལ་ཆ་མཚོན་ན། པེ་ཅིང་ལན་ཅ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀའོ་ཡོན་གྱིས། ན་ནིང་གི་ལོ་མཇུག་ཏུ་པེ་ཅིང་གྲོང་ཁྱེར་གྱིས་རེས་སྐོར་གསར་པའི་སྲིད་ཇུས་ལེགས་སུ་བཏང་ནས་སྡོད་ཁང་ཉོ་ཚད་བཀག་པའམ་སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་བུན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་ངེས་མཁོའི་ཁང་པ་དང་ལེགས་སྒྱུར་སྡོད་ཁང་གི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར། པེ་ཅིང་གི་ཁང་ཚོང་ཁྲོམ་རར་ངེས་མཁོ་མང་དུ་ཕྱིན་ནས་ས་ཁོངས་མང་པོར་ཉོ་མཁན་མང་དུ་ཕྱིན་པ་དང་། ལག་བརྒྱུད་སྡོད་ཁང་དྲ་བར་ཉོ་ཚོང་གན་རྒྱ་འཇོག་ཚད་ཁྲི་2.3ལྷག་ཙམ་ཟིན་པ་དེ་ཉེ་བའི་ལོ་བཅུའི་རིང་གི་དུས་མཚུངས་ཀྱི་དྲ་བའི་ཆ་སྙོམས་གན་རྒྱ་འཇོག་ཚད་ལས་ཁང་པ་ཉིས་སྟོང་ལྷག་ཙམ་གྱིས་མང་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།