པར་རིས་གསར་འགྱུར།

ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་མེ་ཟོན་རོགས་སྐྱོབ་རུ་ཆེན་སོགས་ཚན་པ་དང་མཉམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་མཉམ་འབྲེལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཞིང་། ཁོར་ཡུག་བཅོས་སྒྲིག་དང་། དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ལེགས་པར་བྱས་ལ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གཞི་རིམ་འཐབ་ས་དང་པོར་བསྐྱོད་དེ་བོགས་གཏོང་ཁང་པ་དང་ཚོང་ཁང་སོགས་གཙོར་བཟུང་ནས། བར་ཁྱམས་སུ་སྤུངས་པའི་དངོས་རྫས་གཙང་སེལ་དང་སྲོག་ཐར་ལམ་བུ་ཤར་གཏོང་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
འདི་ནི་ལས་དོན་པས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།