“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཐུན་མོང་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད”
—— ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་སྤྱི་པའི་སྲིད་ཇུས་དང་ ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨེན་ཁཱ་ཝུའེ་ཉི་ལ་བཅར་འདྲི་བྱས་པ།
“ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཟོ་བ་དང་མུ་མཐུད་ལག་ལེན་བསྟར་བ་བརྒྱུད། ཀྲུང་གོས་དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་དུས་ཡུན་རིང་འབྲིང་གི་ཕུགས་འདུན་འབྲེལ་མཐུད་དམ་ཟབ་བྱས་ཏེ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད་ལ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བབ་བསྟུན་ལེགས་སྒྲིག་ཀྱང་བྱས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་གྱི་གྲས་ཤིག་རེད”ཅེས་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་སྤྱི་པའི་སྲིད་ཇུས་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་པུའུ་ས་ཉི·ཨེན་ཁཱ་ཝུའེ་ཉི་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ལས་ཨེན་ཁཱ་ཝེ་ཉི་ལ་བག་ཆགས་ཟབ་མོ་བྱུང་ཡོད། “བཟོ་ལས་འཕྲུལ་མིའི་ཐོན་ལས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་དང་། གྲངས་འཛིན་དྲ་ཚོང་ཐོན་ལས་ཉིན་རེ་བཞིན་གནད་སྨིན་འཐུས་ཚང་དུ་འགྲོ་བཞིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་ལག་རྩལ་གྱིས་རླངས་འཁོར་ལས་རིགས་གློག་སྒུལ་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་ལ་སོགས། ཀྲུང་གོས་གྲངས་འཛིན་དཔལ་འབྱོར་དང་། རྩེར་སོན་བཟོ་སྐྲུན། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཔལ་འབྱོར་གྲུབ་ཆ་དེ་གསར་གཏོད་སྐུལ་སྤེལ་དང་སྤུས་ཚད་སྔོན་འཇོག་ལ་སྒྱུར་བར་སྐུལ་འདེད་གཏོང་གི་ཡོད། དེ་ནི་ཀྲུང་གོའི་ཡུན་རིང་གི་འཆར་འགོད་ནུས་པ་ཆེན་པོ་དང་ཁ་འབྲལ་ཐབས་མེད་ལ། དམིགས་ཚད་ཁ་གསལ་དང་། ཐབས་ལམ་བརྟན་པོ། ལག་བསྟར་ནུས་ལྡན་བཅས་ཀྱི་ཀྲུང་གོའི་བཅོས་སྐྱོང་བྱེད་སྟངས་ལས་བྱུང་བ་ཞིག་དེ་བས་ཀྱང་རེད”ཅེས་ཨེན་ཁཱ་ཝུའེ་ཉི་ཡིས་བརྗོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པ”ལག་བསྟར་བྱེད་འགོ་ཚུགས་པའི་དུས་འདིར། ཀྲུང་གོས“ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་ནས” “མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོ་དགོས”ཞེས་བཏོན་ཡོད། “ཉེ་བའི་ལོ་ཤས་རིང་། ཀྲུང་གོས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་མཚོན་གྱི་ཡོད”ཅེས་ཨེན་ཁཱ་ཝེ་ཉི་ཡིས་བརྗོད་པ་དང་། ཁོང་གིས། སྤྱི་ཁོག་འཕེལ་རྒྱས་ཀྱི་དམིགས་ཚད་དང་དམངས་ཚོགས་དཀྱུས་མའི་བདེ་རྩར་ཐུག་པའི་ཁེ་ཕན་གཉིས་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱེད་པའི་བཅོས་སྐྱོང་གཏན་ཚིགས་དེ་ནི་ཀྲུང་གོ་ཡུན་རིང་འཕེལ་རྒྱས་བརྟན་པོ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་དགེ་མཚན་ལྡན་པའི་བློ་སྒོ་ཡང་ཕྱེ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།