དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིས་ཧྥ་རན་སེའི་ཕ་རི་སིར་དཔལ་འབྱོར་ཚོང་དོན་སྐོར་ལ་གྲོས་མོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-18

    ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་15དང་16ཉིན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེ་དང་ཚོང་དོན་འཐུས་མི་ཀེ་ལིར་དང་ཧྥ་རན་སེའི་ཕ་རི་སིར་དཔལ་འབྱོར་ཚོང་དོན་སྐོར་ལ་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་སྒོ་ཁྲལ་བཀོད་སྒྲིག་དང་། ཕྱོགས་གཉིས་པོའི་ཚོང་དོན་མ་འཇོག་ལ་སྐུལ་འདེད། སྔར་ཡོད་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་ལ་སྲུང་སྐྱོང་སོགས་ཕན་ཚུན་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གྲོས་གཞིར་དམིགས་ནས་ལྷག་བསམ་རྣམ་དག་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་རེས་གྲོས་མོལ་བྱས་པར་བརྟེན་ཐུན་མོང་གི་ངོས་འཛིན་གསར་པ་ཁག་གཅིག་གྲུབ་པ་མ་ཟད། གྲོས་མོལ་མུ་མཐུད་རྒྱུན་འཁྱོངས་ཀྱང་ཐུབ་ཡོད།

    ཧོ་ལི་ཧྥུང་གིས་གསུངས་དོན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་འཐབ་ཇུས་གལ་ཆེན་གྱི་སྣེ་ཁྲིད་འོག་ན་ནིང་རེས་སྐོར་ལྔའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཐད་གྲོས་མོལ་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་བརྟན་པོའི་རང་བཞིན་དེ་བས་མང་བ་བསྣན་ཡོད། ཉེ་ཆར། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཨ་རིས《རྒྱལ་སྤྱིའི་ཛ་དྲག་དཔལ་འབྱོར་དབང་ཆའི་བཅའ་ཁྲིམས》གཞིར་བཟུང་སྒོ་ཁྲལ་འཐོལ་པ་བསྡུས་པ་དེ་ཁྲིམས་འགལ་ཡིན་པའི་ཁྲུན་ཐག་བཅད་པ་དང་། དེ་རྗེས་ཨ་རི་ཕྱོགས་ཀྱིས《1974ལོའི་ཚོང་དོན་བཅའ་ཁྲིམས》ཀྱི་དོན་ཚན་122པ་གཞིར་བཟུང་ཚོང་དོན་རོགས་ཟླ་ཡོངས་ལ་10%ཡི་ནང་འདྲེན་ཟུར་སྣོན་འཐོལ་པ་བསྡུས་པ་མ་ཟད། ད་དུང་301གི་འབྲེལ་ཡོད་བརྟག་དཔྱད་དང་། ཁེ་ལས་བཀག་སྡོམ། ཁྲོམ་རའི་འཇུག་འཐུས་ཚོད་འཛིན་བཟོ་བ་སོགས་ཀྲུང་གོ་དང་འབྲེལ་བའི་བྱེད་ཐབས་བསྟུད་མར་བཏོན་ཡོད། ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པས་སྒོ་ཁྲལ་འཐོལ་པ་བསྡུ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་འགྱུར་བ་མེད་པ་དང་ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་སྒོ་ཁྲལ་སོགས་ཚོད་འཛིན་བྱེད་ཐབས་རྦད་དེ་མེད་པ་བཟོ་རྒྱུའི་སྐུལ་ལྕག་བྱ་རྒྱུ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་མཉམ་ལས་ཀྱི་གསལ་ཐོ་རྒྱུན་ཆད་མེད་པར་རྒྱ་ཆེ་གཏིང་ཟབ་ཏུ་གཏོང་བ་དང་གནད་དོན་གྱི་གསལ་ཐོ་ཁུ་བསྡུ་བྱས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    ཨ་རི་ཕྱོགས་ཀྱིས་བརྗོད་དོན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུ་དང་། མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས། དངུལ་རྩ་བརྟན་པོ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཀྱང་ཡོད། ཕྱོགས་གཉིས་པོས་འཁོན་ཐོགས་ཉུང་དུ་གཏོང་བ་དང་གནད་དོན་ཚབས་ཆེ་རུ་མི་འགྲོ་བ་བྱས་ཏེ་གྲོས་མོལ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།