དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་དང་ཧུང་ཆའོ་གླེང་སྟེགས་ཀྱི་བློ་འདྲིའི་ཚོང་དོན་བཞུགས་མོལ་ཚོགས་འདུ་སུའེ་ཙེར་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས(ཧུང་ཆའོ་གླེང་སྟེགས)ཀྱི་བློ་འདྲིའི་ཚོང་དོན་བཞུགས་མོལ་ཚོགས་འདུ་ཉིན་ཤས་གོང་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འཚོགས་པ་རེད།

    རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུ། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་དེ་བཞིན་འཐུས་མི་དང་། རི་ནེ་ཝར་རྒྱུན་སྡོད་ནི་ཁ་ར་ཀྭ་དང་། ཝེར་ཏེ་གླིང་ཕྲན། ཧ་སག་སི་ཐན་སོགས་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པའི་དཔོན་རིགས། དེ་བཞིན་སུའེ་ཙེར་ལྟེ་གནས་སོགས་འགྲེམས་ཚོགས་དང་ཧུང་ཆའོ་གླེང་སྟེགས་མཉམ་ལས་ཚན་པའི་འཐུས་མི་སོགས་མི་30ལྷག་ཙམ་ཞུགས་ཡོད་པ་རེད།

    ཚོགས་ཞུགས་མི་སྣ་ཚོས་འགྲེམས་ཚོགས་དང་དེ་བཞིན་ཧུང་ཆའོ་གླེང་སྟེགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་རྒྱབ་སྐྱོར་བྱས་པར་གདེང་འཇོག་ཧུར་ཐག་བྱས་ནས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།