དབུ་ཤོག
  • བོད་སྐད་དཔེ་དབྱིབས་ཆེན་མོར་འཛམ་གླིང་གི་ཁས་ལེན་ལག་ཁྱེར་རག་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-17

    ཟླ་3ཚེས་15ཉིན། གོ་ལ་ཧྲིལ་པོའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་གཏེར་ཚང(DeepZang)དངོས་སུ་ཡོངས་བསྒྲགས་བྱེད་པའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

    བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པའི་གཏེར་ཚང་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཀྱི་རྩིས་ཐབས་དང་དཔེ་དབྱིབས་ཐོ་བཀོད་བྱས་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་དེས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། མིག་སྔར་དཔེ་དབྱིབས་དེར་རྒྱལ་ཁབ་ཀྱི་ཚད་ལྡན་བོད་སྐད་ཀྱི་ཤན་སྦྱར་ཡིག་མཛོད་ཁྲི་7000ཙམ་དང་བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཡིག་མཛོད་ཆུ་ཚོད་30500ལྷག་ཙམ་བསགས་ཡོད་པ་རེད།

    ཡོངས་བསྒྲགས་ཚོགས་འདུར། འཛམ་གླིང་ཟིན་ཐོ་ཁས་ལེན་དཔང་འདོན་སྒྲིག་གཞིས(WRCA)ས་ཡུལ་དངོས་སུ“འཛམ་གླིང་གི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མའི”ཁས་ལེན་དཔང་འདོན་ལག་ཁྱེར་སྤྲད་ནས། བོད་སྐད་ཡིག་གི་གསར་གཏོད་ཐོག་མའི་གནས་བབ་གཏན་འཁེལ་བྱས་པས། གོ་ལ་ཧྲིལ་པོའི་སྐད་རིགས་སྣ་མང་གི་མི་ཐབས་རིག་ནུས་བཅོས་སྐྱོང་ཁྲོད་ཀྱི་རང་རྒྱལ་གྱི་སྐད་ཆ་ཤོད་དབང་ཆེ་རུ་འགྲོ་བར་རམ་འདེགས་བྱས་ཡོད།

    ད་ཐེངས་ཀྱི་གཏེར་ཚང་ཡོངས་བསྒྲགས་བྱས་པ་ལས། བོད་སྐད་རིག་ནུས་འཕེལ་རྒྱས་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་ལ། རང་རྒྱལ་གྱི་མི་རིགས་སྐད་ཡིག་གི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཀྱང་རེེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།