སི་ཁྲོན་ཕེང་ཨན་དུ“ཕྱིར་གཏོང་ལ་ཕུག”བསྡུ་བར་བྲེལ།

ཉེ་བའི་ལོ་ཤས་རིང་། ཕེང་ཨན་རྫོང་གིས་གཙང་འགྲམ་གྱི་མང་ཚོགས་ལ་གྲམ་ཐང་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་མ་ཟད། སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། བྱ་ཐབས་གསར་པ་བཅས་ཁྱབ་གདལ་བེད་སྤྱོད་བཏང་སྟེ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོ་ཚལ་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གཉེར་སྐྱོང་བྱེད་པོར་ས་གནས་དེ་གའི་ཁྲོམ་ར་དང་། ས་ཁོངས་སྡེབ་ཚོང་ཁྲོམ་ར། རྒྱལ་སྤྱིའི་ཁྲོམ་ར་བཅས་དང་འབྲེལ་མཐུད་ཧུར་ཐག་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པར་ཡོང་འབབ་འཕར་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད། འདི་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཕེང་ཨན་རྫོང་ཅིན་ཕིང་གྲོང་རྡལ་ཀྲུང་པ་སྡེ་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ཞིང་པས་ལ་ཕུག་བསྡུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།