དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་བོད་ཀྱིས་ཞིང་པའི་འབྲུ་རིགས་ལྷག་མ་ཁྱོན་བསྡོམས་ཏུན་ཁྲི་1.62ཉོ་སྒྲུབ་བྱས་པ།

    ཞིང་པར་འབྲུ་རིགས་བཙོངས་པར་ཡོང་འབབ་སྒོར་ཁྲི་6500ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-17

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་བོད་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོར་བོད་ཀྱི་འབྲུ་རིགས་གྲབས་གསོག་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལས་དོན་ཁག་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོར་ཞིང་པའི་འབྲུ་རིགས་ལྷག་མ་ཏུན་ཁྲི་1.62ཉོ་སྒྲུབ་བྱས་པ་དང་ཞིང་པར་འབྲུ་རིགས་བཙོངས་པར་ཡོང་འབབ་སྒོར་ཁྲི་6500ལྷག་ཙམ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་བོད་ཀྱིས“ཐ་སྐྱོང་གཅིག་དང་ལྕག་སྐུལ་གཉིས”ཀྱི་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་རྒྱུན་ཆད་མེད་པར་ལག་བསྟར་བྱས་ཏེ། འབྲུ་རིགས་ཚོང་མཁན་དུད་ཆེན་ལ་བྱ་དགའི་དངུལ་དང་ནས་ཉོ་སྒྲུབ་རིན་གོང་ཁ་གསབ་ལོགས་དབྱེའི་མ་དངུལ་སྒོར་ཁྲི་12.5དང་ཁྲི་83སོ་སོར་ལག་ལེན་བསྟར་ཏེ། ནས་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་སྤྱི་རྒྱ་རེར་སྒོར་4ཡི་ཆུ་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། “ས་གྲོལ་འབྲུ་འདེབས”རྣམ་པ་སྔར་བས་འཐུས་ཚང་དུ་བཏང་བ་དང་། འབྲུ་རིགས་ཡོངས་ཀྱི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་བརྟན་པོ་གཏོང་བ། ཞིང་ཆེན་དབར་དང་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ཕན་གྱི་ཁ་གསབ་ལམ་སྲོལ་དོན་འཁྱོལ་ནུས་ལྡནབཅས་བྱས་ནས། ལོ་ཧྲིལ་པོར་ལྗོངས་ཕྱི་ནས་འབྲུ་རིགས་ཏུན་ཁྲི་27.35ཉོས་པ་དང་འབྲུ་རིགས་ཏུན་ཁྲི་40.48ཕྱིར་ཚོང་བྱས་པ། གཙོ་གནད་མཚམས་ཚིགས་ཀྱི་འབྲུ་སྣུམ་ཁྲོམ་རའི་མཁོ་སྤྲོད་དང་མང་ཚོགས་ཀྱི་སྣ་མང་ཅན་གྱི་འབྲུ་རིགས་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཡོད། བོད་ནང་ཁུལ་གྱི་ཁེ་ལས་13ཀྲུང་གོའི་འབྲུ་རིགས་ཚོང་འདུས་ཆེན་པོར་ཞུགས་ནས་ས་གནས་ས་ཐོག་ཏུ་ཐོན་རྫས་ཕྱིར་ཚོང་བྱས་པར་སྒོར་ཁྲི་22.52ཟིན་པ་དེ་དག་ལེའོ་ཉིང་དང་། ཧུའུ་ནན། ཨན་ཧུའེ། མཚོ་སྔོན་དང་། ཉིང་ཞ། ཀོང་ཏུང་སོགས་ཞིང་ཆེན་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་དོ་དམ་སྡེ་ཚན་དང་འབྲུ་རིགས་ཐོན་སྐྱེད་དང་བྲིན་ཚོང་མཉམ་ལས་དང་། ཐོན་ལས་མཉམ་ལས། འཐབ་ཇུས་མཉམ་ལས་བཅས་ཀྱི་གྲོས་མཐུན་བཞག་པས་ལྗོངས་ཡོངས་ཀྱི་འབྲུ་རིགས་མཁོ་སྤྲོད་ཀྱི་ཡོང་ཁུངས་འགན་ལེན་ནུས་ལྡན་ཐུབ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གྲབས་གསོག་འབྲུ་རིགས་ཏུན་9500བརྗེ་རེས་བྱས་ནས་ཞིང་དུད་ཀྱི་ཚན་རིག་དང་མཐུན་པའི་གྲབས་གསོག་འབྲུ་མཛོད་ཁྲི་4.8ལྷག་ཙམ་ལ་སྤྲད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་། འཕྲལ་སྡོམ་གྲབས་གསོག་ལྟེ་གནས་4གཞི་རྩའི་ཆ་ནས་བསྐྲུན་ཟིན་པ། འབྲུ་མཛོད་33དང་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་31ཚང་མ་ལས་མཇུག་འགྲིལ་བ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་10.7བཏང་སྟེ། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་མཛོད་ཉར་སྒྲིག་བཀོད་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་དང་བསྐྱར་སྐྲུན་བདེ་བླག་བྱུང་བས་གྲབས་གསོག་བདེ་འཇགས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།