དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀར་གཙང་མཇལ་དར་བསྒྲོན་ནས་ཐག་རིང་གི་མགྲོན་པོ་བསུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-17

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་སྲོད་ཀྱི་མཚམས་སུ་ཐག་རིང་ནས་ཡོང་བའི་སྤུན་ཟླ་ཤང་ཀང་བ་100ལྷག་ཙམ་གནམ་གྲུ་ནས་བབས་པ་ན་ཞིམ་མངར་གྱི་མཆོད་ཆང་དང་དཀར་གཙང་མཇལ་དར་གྱིས་ཁོང་ཚོར་བསུ་མ་ཞུས་པ་རེད།

    ཟླ་3ཚེས་11ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡི་ཐོག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གློག་འོད་རབ་ཏུ་འཚེར། ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཁྲེན་ཤིང་པི་དང་། ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་མ་འཇོག་ཀུང་སིའི་ཁོངས་མི། གོང་དཀར་རྫོང་སྒྱུ་རྩལ་ཚོགས་པའི་ཁོངས་མི་སོགས་ཀྱིས་ལག་ཏུ་ཕྱེ་མར་འབོ་དང་དཀར་གཙང་མཇལ་དར་ཁྱེར་ནས་ཤང་ཀང་གི་ཡུལ་སྐོར་གཙང་གླས་གནམ་གྲུ་ཐོག་མ་བདེ་བླག་ངང་བོད་དུ་འབྱོར་རྒྱུར་བསྒུགས་ནས་བསྡད་ཡོད།

    ཁག་ཐེངས་དང་པོའི་ཤང་ཀང་གི་ཡུལ་སྐོར་བ་གནམ་ཐང་ནས་འབབ་སྐབས་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་བསྟུན་ནས་སྒྱུ་རྩལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཐག་རིང་གི་ཡུལ་སྐོར་བ་ཚོར་དཀར་གཙང་མཇལ་དར་བསྒྲོན་པ་རེད།

    “ཁོ་ཚོ་བསུ་ཆེད་ང་ཚོས་ལས་དོན་མི་ཉུང་བ་ཞིག་བསྒྲུབས་ཡོད”ཁྲེན་ཤིང་པི་ཡིས་གསར་འགོད་པར། ལོ་གཉིས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཤང་ཀང་དུ་བོད་ལྗོངས་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་སྒོ་ཐེངས་གཉིས་བསྟུད་མར་སྤེལ་ནས་ཆུ་ཚད་མཐོ་བའི་སྦྲེལ་མཐུད་དང་། གཏིང་ཟབ་པའི་མཉམ་ལས། ཁྱབ་རྒྱ་ཆེ་བའི་བརྒྱུད་སྤེལ་བཅས་ཁྱད་ཆོས་སུ་བྱས་ཏེ། ལྷོ་ཁའི་སྤུས་ལེགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་འོས་སྦྱོར་དང་། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས། ཁྲོམ་ར་མཉམ་སྐྲུན། བྱེད་སྒོའི་ཕན་འབྲས་མངོན་གསལ་དོད་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་ད་ཐེངས་ཀྱི་ཤང་ཀང་གཙང་གླས་གནམ་གྲུ་ཚོགས་པ་བདེ་བླག་ངང་འབྱོར་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད།

    “ཕྱིས་སུ་ཤང་ཀང་གི་ཡུལ་སྐོར་བ་མི་ཐེངས་3000ལྷག་ཙམ་ལྷོ་ཁར་ཁག་ཐེངས་དབྱེ་ནས་འབྱོར་རྒྱུ་རེད། དེ་ནི་མི་གྲངས་ཀྱི་ཚད་བརྒལ་ཞིག་ཡིན་པ་མ་ཟད། ལྷོ་ཁ་འདི་ཉིད་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཡུལ་སྐོར་བ་བོད་དུ་སྐྱོད་པའི་ཡུལ་སྐོར་དམིགས་ས་བཏོད་པའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད”ཅེས་ཁྲེན་ཤིང་པི་ཡིས་བརྗོད།

    “ན་ནིང་ཤང་ཀང་གི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཐོག་གི་སྟོན་མོ་གཟབ་རྒྱས་ནས་ད་ཆ་གཙང་གླས་གནམ་གྲུ་འབྱོར་བའི་བར་ལྷོ་ཁ་འདི་ཉིད་སྤུན་ཟླ་ཤང་ཀང་བས་བོད་ལྗོངས་ཤེས་རྟོགས་དང་མཐའ་མཚམས་ཀྱི་རིག་གནས་རྟོགས་སའི་སྐར་ཁུང་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད་པ་དེ་ཐོག་ནས་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་དེ་ཕྱོགས་རྐྱང་པའི་འོས་སྦྱོར་ངོ་སྤྲོད་ནས་ཁྲོམ་རའི་གྲུབ་འབྲས་ཐོབ་པའི་དུས་སུ་སླེབས་པ་མཚོན་ཡོད”ཁྲེན་ཤིང་པི་ཡིས་ཤང་ཀང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་ཀྱི་ས་གཞིའི་ཐོག་འབྱོར་ནས་གངས་ལྗོངས་ས་མཐོའི་གཏམ་རྒྱུད་ཤང་ཅང་གཙང་པོའི་ངོགས་སུ་ཁྱབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།