DeepZang(གཏེར་ཚང)ཕབ་ལེན་བྱེད་ཆོག་པ།
གོ་ལ་ཧྲིལ་པོའི་བོད་སྐད་དཔེ་དབྱིབས་ཆེ་མོ་ཐོག་མ་ལྷ་སར་ཡོངས་བསྒྲགས་བྱས་པ།
ཚེས་15ཉིན། གོ་ལ་ཧྲིལ་པོའི་བོད་སྐད་དཔེ་དབྱིབས་ཆེ་མོ་ཐོག་མ་DeepZang(གཏེར་ཚང)ལྷ་སར་དངོས་སུ་ཡོངས་བསྒྲགས་བྱས་པ་རེད། དེ་ཐོག་ནས་མི་རིགས་སྐད་ཡིག་གི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རང་རྒྱལ་ལ“རྗེས་བསྙེགས”ནས“སྣེ་ཁྲིད”བར་གྱི་འཐབ་ཇུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། བོད་ཀྱི་བོད་སྐད་མི་ཐབས་རིག་ནུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དངོས་སུ་འགོ་ཚུགས་པ། བོད་སྐད་ཀྱི་AIདུས་རབས་དེ་ནས་བཟུང་འགོ་ཚུགས་པ་བཅས་མཚོན་ཡོད།
DeepZang(གཏེར་ཚང)ནི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་རང་རྟེན་འགག་སྒྲོལ་ཞིབ་སྤེལ་བྱས་པ་དང་། རང་རྒྱལ་གྱིས་བཟོས་པའི་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་རྩིས་ཐབས་དང་དཔེ་དབྱིབས་ཐོ་འགོད་སྙན་སེང་ཞུས་པའི་བོད་སྐད་དཔེ་དབྱིབས་ཆེ་མོ་ཐོག་མ་ཡིན་པའི་ངོས་ནས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་དེའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། སྲོལ་གཏོད་པ་བསྟན་འཛིན་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། DeepZangAPPལ་བོད་སྐད་དང་། རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་གསུམ་གྱི་རིག་ནུས་ལྡན་ཡོད། འདུས་གྲུབ་AIགླེང་མོལ། དུས་ཐོག་ཡིག་སྒྱུར། སྐད་གདངས་བརྒྱུད་འབྲི་སོགས་ཀྱི་ནུས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མིག་སྔར་དཔེ་དབྱིབས་ལ་རྒྱལ་ཁབ་ཀྱི་ཚད་ལྡན་བོད་སྐད་ཡིག་མཛོད་ཁྲི་7000ཙམ་ཡོད་པ་དང་། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་སྐད་གདངས་ཡིག་མཛོད་ཁྱོན་ཆུ་ཚོད་30500ལྷག་ཙམ་ཡོད་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་འཛམ་གླིང་གི་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞིས(WRCA)ས་གནས་ས་ཐོག་ཏུ“འཛམ་གླིང་གི་བོད་སྐད་དཔེ་དབྱིབས་ཆེ་མོ་ཐོག་མ”ཡི་བདེན་དཔང་ར་སྤྲོད་ལག་ཁྱེར་སྤྲད་ནས་གོ་ལ་ཧྲིལ་པོའི་གསར་གཏོད་གནས་བབ་གཏན་འཁེལ་བྱས་ཏེ་གོ་ལ་ཧྲིལ་པོའི་སྐད་རིགས་སྣ་མང་གི་མི་ཐབས་རིག་ནུས་བཅོས་སྐྱོང་ཁྲོད་ཀྱི་རང་རྒྱལ་གྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རོགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།