རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་མང་པོར་རང་ལྗོངས་ཀྱི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་མང་པོར་རང་ལྗོངས་ཀྱི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ཟླ་3ཚེས་7དང་8ཉིན། 2026ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨེ་ཤེ་ཡ་བུམ་པའི་འགྲན་བསྡུར་ཧན་གོའི་ཕིང་ཁྲང་ཅུན་ལུང་ཕིང་གངས་ཤུད་ར་བར་གཉེར་ཞིང་། སྐབས་འདིའི་འགྲན་བསྡུར་ལ་ཐག་ཐུང་དང་དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱི་རྣམ་གྲངས་གཉིས་བཀོད་སྒྲིག་བྱས་པར་ཀྲུང་གོའི་གངས་ཤུད་རི་འཛེག་རུ་ཁག་གི་བདམས་ཐོན་པ་4ཞུགས་ཡོད་པ་རེད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་4ཐོབ་ཅིང་། དེ་ཐོག་ནས་ཨེ་ཤེ་ཡའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་རྩལ་འགྲན་ཆུ་ཚད་མངོན་ཡོད། དེའི་ནང་རང་ལྗོངས་ཀྱི་བདམས་ཐོན་པ་བསོད་ནམས་ཆོས་སྒྲོན་ལ་དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་དང་ཐག་ཐུང་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་ཨང་གཉིས་པ་ཐོབ་པ་རེད།
ཟླ་3ཚེས་5ནས་12ཉིན་བར། 2025ལོ་དང་2026ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་ཀྱི་རི་ཀླུང་གངས་ཤུད་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་ཤིན་ཅང་ཨ་ལེ་ཐའེ་རུ་གཉེར་ཞིང་། ཞིང་ཆེན་17གྱི་ལུས་རྩལ་པ་200ཙམ་དང་རང་ལྗོངས་ཀྱི་ལུས་རྩལ་པ་4འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་ལ་སྤྱི་ལེ་50ཡི་སྲོལ་རྒྱུན་རྩལ་འགྲན་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།