དབུ་ཤོག
  • ལྷ་སར་འཆམ་འཆམ་འགྲོ་ས་གསར་པ་ཞིག་བསྐྲུན་པའི་སྒང་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྱིམ་ཚང་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་བསྐྱར་དུ་ལས་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནས་ཆུང་ཁྱིམ་ཚང་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དུ་གནས་ཤིང་། 2025ལོའི་ཟླ་5ཚེས་10ཉིན་དངོས་སུ་ལས་འགོ་ཚུགས་པ་དང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན་མ་དངུལ་སྒོར་ཁྲི་1580.09བཏང་བ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་23097.32ཟིན་གྱི་ཡོད། རྣམ་གྲངས་དེར་གཙོ་བོ་ཁྱིམ་ཚང་གི་སྤྲོ་གསེང་ཁུལ་དང་། མགོ་འཁོར་རྩེད་མོ་རྩེ་ཁུལ། ནུས་མང་བྱེད་སྒོ་སྤེལ་ཁུལ། བྱིས་པའི་དགའ་ཚལ་བཅས་བསྐྲུན་རྒྱུ་ཡིན་པ་དང་། དུས་མཚུངས་སུ་སྤྱི་གླིང་གི་རྡོ་གཅལ་འདིང་བ་དང་། ཞབས་ཞུའི་ཁང་པ་འཛུགས་སྐྲུན། སྔོ་འགྱུར་མཛེས་ལྗོངས་ལེགས་གཏོང་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་བྱེད་ནུས་ཆ་ཚང་བ་དང་། ཁོར་ཡུག་མཛེས་པ། ཕ་མ་དང་བུ་ཕྲུག་མཉམ་དུ་རོལ་ཆོག་པའི་དགའ་ཚལ་ཞིག་བསྐྲུན་རྒྱུ་རེད།

    སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་སྤྱི་ཁྱབ་ལས་དོན་གཞུང་ལས་ཁང་གི་ལས་དོན་པ་ཀོའོ་ཕེང་གིས“ས་མཐོའི་དགུན་ཁའི་གནམ་གཤིས་ཀྱི་ཤུགས་རྐྱེན་ལས་2025ལོའི་ཟླ་11ཚེས་25ཉིན་དུས་མཚམས་རང་བཞིན་གྱི་ལས་མཚམས་བཞག་པ་དང་། ཉེ་དུས་དཔྱིད་ཀའི་ནམ་དུས་ཡག་ཤོས་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་དུ་བཙུགས་ཡོད། མིག་སྔར་རྣམ་གྲངས་དེའི་ཞབས་ཞུའི་ཁང་པའི་བཀོད་འདོན་མཛེས་བཟོ་དང་སྤྱི་གླིང་གི་རྡོ་གཅལ་འདིང་བའི་ལས་དོན་རིམ་པས་སྤེལ་བཞིན་ཡོད་པ་དང་། དུས་མཚུངས་སྔོ་འགྱུར་སྡོང་འཛུགས་འཆར་གཞི་བཟོ་བ་དང་རོལ་རྩེད་སྒྲིག་ཆས་སྒྲིག་སྦྱོར་གྱི་དུས་འགོའི་གྲ་སྒྲིག་ལས་དོན་སྤྱིའི་ཆ་ནས་བརྟན་པོའི་ངང་སྤེལ་བཞིན་ཡོད། སྔོན་དཔག་བྱས་ན་2026ལོའི་ཟླ་5ཚེས་30ཉིན་ལས་ཀ་ཡོངས་སུ་འགྲུབ་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།