ཀྲུང་གོའི་ཁེ་ལས་ཀྱིས་ན་སྨི་པི་ཡའི་ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི“མཐའ་མའི་འགག་གནད”བསལ་བ།

“གྲོང་ཚོ་ཀུན་ཁྱབ”རྣམ་གྲངས་ཀྱིས་ཐག་རིང་ལུང་ཁུག་གྲོང་སྡེ་ནས་གྲོང་ཁྱེར་དང་གྲོང་རྡལ་བར་གྱི་མ་ལམ་གཙོ་བོའི“མཐའ་མའི་འགག་གནད”སེལ་བར་གཞོལ་ཞིང་། འདི་ནི“གྲོང་ཚོ་ཀུན་ཁྱབ”རྣམ་གྲངས་ན་སྨི་པི་ཡར་ལག་ལེན་བསྟར་རྗེས། ལུན་ཏུའུ་གྲོང་ཁྱེར་གྱི་ཐུའུ་ཤིན་ཅི་ལེ་ཉི་གྲོང་ཚོར་མ་ལམ་དང་འབྲེལ་མཐུད་ཀྱི་གྲོང་ཚོའི་ལམ་བཟོས་ཚར་བའི་རྣམ་པ་ཡིན་པ། (མི་མེད་གནམ་གྲུས་པར་བརྒྱབ)

“གྲོང་ཚོ་ཀུན་ཁྱབ”རྣམ་གྲངས་ལག་ལེན་བསྟར་བས་ལུན་ཏུའུ་གྲོང་ཁྱེར་གྱི་མུའུ་པོ་ལཱ་གྲོང་ཚོའི་འབྲོག་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད། འདི་ནི་མུའུ་པོ་ལཱ་གྲོང་ཚོར་ཡུལ་མི་ཁཱ་ཞིས་ཨན་གྱིས་རང་ཉིད་ཀྱིས་གསོས་པའི་ལུ་གུ་སྟོན་བཞིན་པ།
ན་སྨི་པི་ཡའི་རྒྱལ་ས་ཝིན་ཏེ་ཧོ་ཁེ་ནས་རླངས་འཁོར་ལ་བསྡད་དེ་བྱང་དུ་ཆུ་ཚོད་བདུན་ཙམ་བསྐྱོད་ཚེ་ལུན་ཏུའུ་གྲོང་ཁྱེར་དུ་འབྱོར་གྱི་ཡོད། ལུན་ཏུའུ་གྲོང་ཁུལ་གྱི་མ་ལམ་ནས་ཁ་གྱེས་ཏེ་ཉེ་ཆར་བཟོས་མ་ཐག་པའི་རྡོ་ཧྲུག་ལམ་ཐོག་བསྐྱོད་ཚེ་ལུང་ཐུའུ་ལུང་གྲོང་ཚོ་བར་སྤྱི་ལེ་གཅིག་ཀྱང་མེད།
རྡོ་ཧྲུག་ལམ་དེ་ནི་ཀྲུང་གོའི་ཧོ་ནན་རྒྱལ་སྤྱིའི་མཉམ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི“གྲོང་ཚོ་ཀུན་ཁྱབ”རྣམ་གྲངས་ཀྱི་གྲོང་ཚོའི་ལམ་བུ་ཞིག་རེད། དེ་ནི་ཐག་རིང་ལུང་ཁུག་གྲོང་ཚོ་དང་གྲོང་ཁྱེར་དང་གྲོང་རྡལ་དབར་གྱི་མ་ལམ་གྱི“མཐའ་མའི་འགག་གནད”བསལ་བས། ས་གནས་ཀྱི་འགྲིམ་འགྲུལ་གནས་སྟངས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ། ཡུལ་མིའི་རྒྱུན་གཏན་ཕྱིར་སྐྱོད་ཀྱི་དཀའ་ངལ་ཐག་གཅོད་ཐུབ་ནས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་ཡོད།
འབྲེལ་ཡོད་གསར་འགྱུར།