མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལས་སྟེཌ་སུ་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་སྨི་ལན་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་རིང་། “འཕེལ་རྒྱས་ཀྱི་དབང་ཆ་མཉམ་སྤྱོད་བྱེད། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་དབུལ་པོ་ཉུང་གཏོང་གི་ལག་ལེན་མཉམ་སྤྱོད་ཚོགས་འདུ”རོ་མ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་དབུལ་པོ་ཉུང་གཏོང་གི་ལག་ལེན་དངོས་དང་དེའི་ཉམས་མྱོང་ལ་དམིགས་ནས་སྤེལ་རེས་དང་དབང་པོ་སྐྱོན་ཅན་གྱི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་མང་པོའི་འབྲུ་རིགས་དང་ཞིང་ལས་སྒྲིག་གཞིའི་འཐུས་མི་དང་དེ་བཞིན་དབྱི་ཐ་ལིའི་འབྲེལ་ཡོད་སྒྲིག་གཞིར་རྒྱུན་སྡོད་དཔོན་རིགས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྨི་ལན་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཁྲེང་ཁའེ་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཆུས་ཏུང་ཡུས་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཞིང་ལས་དང་གྲོང་གསེབ་པུའུ་ཀྲུང་གོ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་ལྟེ་གནས། ལན་ཀྲོའུ་སློབ་ཆེན་སོགས་སྒྲིག་གཞིའི་འབྲེལ་ཡོད་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།