དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་པུས་ཞིང་སྨན་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སྤྱི་བདེ་པུའུ་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱིས་གང་བྱུང་དུ་སྤྱོད་མི་ཆོག་པའི་ཞིང་སྨན་ཁྲིམས་འགལ་ངང་བཟོ་ཚོང་དང་བེད་སྤྱོད་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་དང་སྨན་རྫས་མྱུལ་ཞིབ་སྡེ་ཚན་གྱིས་དཔྱིད་རྨོད་དཔྱིད་གྲབས་རིང་གི་ཞིང་སྤྱོད་རྒྱུ་ཆ་ཐོན་སྐྱེད་དང་། གྲབས་གསོག བེད་སྤྱོད་བཅས་ཀྱི་བྱ་སྤྱོད་ཅུང་གཅིག་སྡུད་ཡིན་པའི་གནས་ཚུལ་ལ་དམིགས་ཏེ། ཞིང་སྨན་དང་འབྲེལ་བ་ཡོད་པའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་ཞིང་ལས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱས་ནས། “ཞིང་ནང་ནས་གསོལ་ལྕོག་བར”གྱི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

    སྤྱི་བདེ་པུའུ་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་དང་སྨན་རྫས་མྱུལ་ཞིབ་ཅུས་ཀྱི་བཀོད་སྒྲིག་གི་བླང་བྱ་ལྟར་ན། གང་བྱུང་དུ་སྤྱོད་མི་ཆོག་པའི་ཞིང་སྨན་ཁྲིམས་འགལ་ངང་སྤྱོད་པ་དང་ཁྱབ་ཁོངས་ལས་བརྒལ་ནས་སྤྱོད་པ་དང་དེ་བཞིན་ཐོན་སྐྱེད་དུས་ཚོད་ལ་བཟོ་བཅོས་རྒྱག་པ་དང་། ཐུམ་སྒྲིལ་ཤོག་བྱང་རྫུན་བཟོ་བྱེད་པ། ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཚན་དང་མཉམ་དུ་ཁྲིམས་སྒྱུར་བྱས་ཏེ། ཞིང་སྨན་ཐོན་སྐྱེད་དང་། གཉེར་སྐྱོང་། བེད་སྤྱོད་བཅས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་གྲལ་བཤེར་བྱ་རྒྱུ། འཁོར་འབྲེལ་ཧྲིལ་པོར་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“ཐོན་འཚོང་སྤྱོད”གསུམ་གྱི་འཁོར་འབྲེལ་ལ་ཞིབ་བཤེར་མཐར་ཕྱིན་པ་བྱ་རྒྱུ་བཅས་རེད།

    ཉེ་བའི་ལོ་ཤས་རིང་། སྤྱི་བདེ་ལས་ཁུངས་ཀྱིས“ཁུན་ལུན”ཆེད་དོན་ལས་དོན་མུ་མཐུད་སྤེལ་ཏེ། ཞིང་སྤྱོད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གང་བྱུང་དུ་སྤྱོད་མི་ཆོག་པའི་ཞིང་སྨན་ཁྲིམས་འགལ་ངང་སྤྱོད་པ་དང་ཞིང་སྨན་རྫུན་མ་དང་སྤུས་ཞན་བཟོ་ཚོང་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ཡོད། སྤྱི་བདེ་པུའུ་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་དང་སྨན་རྫས་མྱུལ་ཞིབ་ཅུས་ཀྱི་འགན་འཁུར་བས། ཞིང་སྨན་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཁུངས་སྣེར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་གྱོད་གཞིར་རྩད་གཅོད་ཏན་ཏིག་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་ནག་ཚང་མཐའ་གཅིག་ཏུ་མེད་པར་བཟོ་བ། ཁྲིམས་འགལ་གྱི་ཁེ་ཕན་འབྲེལ་ཐག་མེད་པར་བཟོ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།