དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ངོ་སྟོང་གི་རྫ་བཟོའི་རིག་གནས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་དགོས་ངེས་ཡིན་པ།

    ཀུའོ་ཨའེ་ཧོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-16

    ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་ངས་དམིགས་བསལ་གྱི་བརྩམས་ཆོས་ཤིག་ཁྱེར་ཡོད། དེ་ནི་ཧོ་ནན་ལུའོ་དབྱང་རི་ཁུལ་གྱི་ཕྲུ་གུ་ཚོས་བྲིས་པའི་རི་མོ་ལས་བསྲེགས་པའི་རྫ་ཆས་ཡིན། ངས་བལྟས་ན་རྫ་ཆས་ཚོན་སྣ་གསུམ་དེ་ནི་ཤེས་དཔལ་རྒྱུན་འཛིན་བྱེད་པ་ཞིག་དང་ལུའོ་དབྱང་ནི་རྫ་ཆས་ཚོན་སྣ་གསུམ་གྱི་རྩ་བ་ཚུགས་ས་རེད། གཡུ་རྩི་མེ་ཐབ་ཏུ་རིམ་བཞིན་བསྲེགས་ནས་གྲུབ་སྐབས་དེ་ནི་ཀྲུང་ཧྭའི་སྣ་མང་ཤེས་དཔལ་གཞི་གཅིག་དང་བསྟུན་མཁས་མཉམ་གནས་བྱེད་པ་ལྟ་བུ་རེད། ཚོན་སྣ་གསུམ་ཞེས་པ་ནི་ཚོན་མདོག་སྣ་ཁ་གསུམ་ཁོ་ན་མིན་པར་དེ་ནི་ཚོན་མདོག་རྣམ་པར་བཀྲ་བ་ཞིག་ལ་གོ།

    ལུའོ་དབྱང་གི་ས་སྐྱེས་རྡོ་སྐྱེས་ཀྱི་འཇིམ་བཟོ་བ་ཞིག་ནས་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་དང་ཀྲུང་གོའི་རྫ་བཟོའི་སྒྱུ་རྩལ་མཁས་ཅན་ཞིག་ཏུ་གྱུར་བའི་ངོས་ནས་དོ་ཁུར་ཆེ་ཤོས་བྱེད་ས་ནི་ལོ་ངོ་སྟོང་གི་རྫ་བཟོའི་རིག་གནས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཇི་ལྟར་རྒྱ་ཆེར་གཏོང་རྒྱུ་དེ་ཡིན།

    ད་ཆ་མི་བཟོས་རིག་ནུས་ཀྱིས་འཚོ་བར་མགྱོགས་མྱུར་འགྱུར་ལྡོག་གཏོང་བཞིན་ཡོད་མོད། འོན་ཀྱང་རྫ་ཆས་ཚོན་སྣ་གསུམ་དེ་ནི་ལག་ཤེས་བཟོ་རྩལ་ཡིན་པས། འཕྲུལ་ཆས་ཀྱིས་ལག་པའི་དྲོད་ཚད་ཀྱི་ཚབ་བྱེད་ཐབས་བྲལ། ལག་རྩལ་རྒྱུན་འཛིན་བྱེད་པའི་འགག་རྩ་ནི་ཤེས་ལྡན་པར་ཐུག་ཡོད། 2015ལོ་ནས་བཟུང་ང་ཚོས་ལུའོ་ཉིང་རྫོང་དུ་ཚོན་སྣ་གསུམ་གྱི་རྫ་ཆས་སྒྱུ་རྩལ་གྲོང་ཚོ་བཙུགས་ནས“ཉིན་རེའི་སྒྱུ་རྩལ་འགྲེམས་སྟོན”ཏེ། སྒྱུ་རྩལ་མཁས་ཅན་ཚོ་ཉིན་དེ་རང་དུ་གྲོང་ཚོར་བཅའ་སྡོད་གསར་རྩོམ་བྱེད་པ་དང་། ཉིན་དེ་རང་དུ་འགྲེམས་སྟོན་བྱེད་པ། ཉིན་དེ་རང་ཧབ་འཚོང་བྱེད་པ། ཉིན་དེ་རང་དུ་དངུལ་ཚང་མ་ཞལ་འདེབས་ཕུལ་བ་བཅས་ཀྱི་བྱེད་སྒོ་སྤེལ་ཡོད། ད་ཆ་རི་ཁུལ་གྱི་རྫོང་དེར་སློབ་གྲྭ་འབྲིང་ཆུང་86གིས་མཛེས་དཔྱད་སློབ་གསོའི་སློབ་ཁང་བསྐྲུན་པས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་7ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ད་ལོ་ངས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་མཛེས་དཔྱད་སློབ་གསོ་གྲངས་འཛིན་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་འཇུག་དགོས་པའི་གྲོས་འགོ་བཏོན་ནས་སྒྱུ་རྩལ་མཁས་ཅན་གྲོང་གསེབ་ཏུ་ཡོང་སྟེ་ལས་དོན་ཁང་བཙུགས་ནས“སྤྲིན་ཚོམ་སློབ་ཁང”བརྒྱུད་སྤུས་ལེགས་ཀྱི་ཐོན་ཁུངས་ཐག་རིང་ལུང་ཁུག་ས་ཆར་ཁྱབ་རྒྱུའི་རེ་འབོད་མུ་མཐུད་བྱས་དང་བྱེད་བཞིན་ཡིན།

    (རྩོམ་པ་པོ་ནི་ལུའོ་དབྱང་རྫ་ཆས་ཚོན་སྣ་གསུམ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།