2026ལོའི་ས་མཐོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།
རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་205.1སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་5.1སྐྱེལ་འདྲེན་བྱས་པ།
ཟླ་3ཚེས་13ཉིན་དུས་ཡུན་ཉིན་40ཟིན་པའི་2026ལོའི་ས་མཐོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། དཔྱིད་གསར་སྐྱེལ་འདྲེན་བྱེད་རིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་205.1སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་5.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.48%འཕར་བ་དང་། དེ་ལས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་37.84སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.61%འཕར་ཡོད་པ་རེད།
2026ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་པོ་དང་ཏག་ཏག་འཁེལ་ཡོད། འགྲུལ་རྒྱུན་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་སྐྱེལ་འདྲེན་ནུས་ཤུགས་མཐུན་སྦྱོར་ཆེད་དོན་ཚན་ཁག་བཙུགས་ནས་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་བ་དང་། ཤུཌ་འགྲེམས་མེ་འཁོར་བསྐྱར་དུ་སྦྲེལ་མཐུད་བྱེད་པ། མེ་འཁོར་གྱི་འཁོར་སྒྲོམ་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐྱེལ་འདྲེན་ནུས་པའི་མི་མངོན་པའི་སྟོབས་ཤུཌ་སྔོག་འདོན་དང་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ནས་རིམ་རྩིས་བརྒྱབ་ན་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་497དང་ཤུགས་འགྲེམས་མེ་འཁོར་ཐེངས་གྲངས་197མང་དུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།