དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་དང་ཚུཌ་གནས་མཐོ་པོས་སྤྱི་འདོམས་སྐུལ་འདེད་གཏོང་བ།

    རང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-16

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚུགས་གནས་མཐོ་པོས་འཆར་འགོད་དང་། ཚད་གཞི་མཐོ་པོས་སྐུལ་འདེད། སྤུས་ཚད་མཐོ་པོས་དོན་འཁྱོལ་བཅས་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་སློབ་གསོ་གངས་ལྗོངས་ས་མཐོར་མགྱོགས་མྱུར་སྤེལ་བར་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང“འཛུཌ་གཏོད་བཞི”གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན་ལ་བརྩིས་ནས། འཕྲལ་དུ་ལས་དོན་ཆེད་དོན་ཚན་ཁག་བཙུགས་ཏེ་ལས་ཀའི་བྱེད་ཐབས་དང་ཐབས་ལམ་ཁ་གསལ་བཟོས་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་དང་ཚན་པ་ཁག་གིས་འཕྲལ་དུ་རྗེས་སྙེག་བྱས་ཏེ་ཚང་མས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་གམ་ཡང་ན་ཆེད་འགན་སྡེ་ཚན་བཙུགས་པས་གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཆགས་ཡོད་པ་རེད།

    “སློབ་སྦྱོང་གཏིང་ཟབ་བྱེད་པ་བཞི”མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཕྱོགས་ཡོངས་ནས་ཡང་ཡང་བསྡུར་ཏེ། བོད་ཀྱི“སྐབས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་བསམ་བློའི་གནས་ཚད་མཐོ་རུ་གཏོང་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱེད་པ། སྲིད་དོན་ལས་རྗེས་ལ་དེ་བས་དྲོ་སྐྱིད་དང་སྤུས་ཚད་ལྡན་པ་བཅས་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཚད་གཞི་ཏན་ཏིག་བཟོས་ཡོད། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི“དཔོན་གསར་གྱིས་རྩིས་རྙིང་ཁས་མི་ལེན་པ”དང“རྟགས་མཚོན་ལས་གྲྭ”སོགས་ཕྱོགས་བརྒྱད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་། 《སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་གཙོ་བོའི་གསལ་ཐོར》བཀོད་པའི་ཕྱོགས་16ཐད་ཀྱི་གནད་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“སྒུག་བརྟེན་སློང་གསུམ”གྱི་གནད་དོན་ཁ་སྣོན་བརྒྱབ་ནས་དཔེ་བསྡུར་གྱིས་གནད་དོན་འཚོལ་བཤེར་དབྱེ་ཞིབ་དང་། འབེན་གཏད་ཤུགས་འདོན་དང་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ་དག་ཐེར་དང་བཅོས་སྒྲིག་གི་ཐབས་ལམ་ཁ་གསལ་བཟོས་ཡོད།

    “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་ཅི་འདྲ་འཇོག་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ལ་དམིགས་ཏེ་དྲང་བདེན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དང་ལྡོག་ཕྱོགས་ཀྱི་གྱོད་དཔེའི་ཉེན་གཏོང་སློབ་གསོའི་ནུས་པ་འདོན་རྒྱུར་སྣང་ཆེན་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་འཐབ་ས་དང་པོར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་བསྟར་བྱེད་པའི་སྔོན་ཐོན་དཔེ་མཚོན་གསེད་བཀྲོལ་དང་སྔོག་འདོན་བྱེད་འགོ་བཙུགས་ཏེ། རང་ས་རང་ཡུལ་དང་ཉེ་འགྲམ་གྱི་མི་དང་བྱ་བ་གསོན་ཉམས་དོད་ཤོས་ཀྱི་བསླབ་གཞིར་འགྱུར་བར་བྱེད་པ་དང་། རིམ་པ་བཞིན་དབྱེ་ཞིབ་བྱེད་བཞིན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཉེ་བའི་ལོ་ཤས་རིང་ཞིབ་གཅོད་བྱས་པའི་གྱོད་གཞིའི་ཁྲོད་ནས་དཔེ་མཚོན་གྱོད་དཔེ་ལེགས་འདེམས་བྱེད་པ་དང་ཉེ་འགྲམ་གྱི“ལྡོག་ཕྱོགས་ཀྱི་དཔེ་མཚོན”ལ་བརྟེན་ནས་རང་དཔྱོད་རང་འདོམས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་གྱིས་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་དུས་ཐོག་ཏུ་ཡོ་བསྲང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།