《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་གཏོང་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ནང་དོན་ཆ་ཚང་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་གཏོང་སྤེལ་བྱས་པ་རེད། ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་སྙན་སྒྲོན་དེར་ཆོག་མཆན་གནང་བ་རེད།
སྙན་སྒྲོན་ཆ་ཚང་ཁག་བཞི་ལ་ཕྱེ་བ་སྟེ། གཅིག 2025ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། གཉིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན། གསུམ། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་འཛིན་ཕྱོགས། བཞི། 2026ལོའི་སྲིད་གཞུང་གི་ལས་དོན་གྱི་ལས་འགན་བཅས་ཡིན་པ་རེད།
སྙན་སྒྲོན་ནང་། འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། དཔལ་འབྱོར་4.5%ནས་5%བར་འཕར་བ་བྱས་ནས། ལས་དོན་དངོས་ཀྱི་ཁྲོད་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5.5%ཡས་མས་དང་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1200ཡན་གསར་དུ་ལས་ཞུགས་ཐུབ་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཙམ་ཟིན་པར་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་གཅིག་མཚུངས་ཡོང་བར་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པར་བྱ་རྒྱུ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་3.8%ཡས་མས་དམའ་རུ་འགྲོ་བར་བྱ་རྒྱུ་བཅས་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།