《གསར་བརྗེའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་གཏོང་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་བརྗེའི་ཁུལ་རྙིང་པ་ནི་ཏང་དང་མི་དམངས་དམག་དཔུང་གི་རྩ་བ་རེད། གསར་བརྗེའི་ཁུལ་རྙིང་པའི་མི་དམངས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པའི་འགན་ལེན་བྱེད་པ་ནི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད། གསར་བརྗེའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། 《གསར་བརྗེའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཉེ་ཆར་བཀྲམ་པ་རེད།
《བསམ་འཆར》ཆ་ཚང་ཁག་བརྒྱད་ལ་ཕྱེ་བ་སྟེ། གཅིག སྤྱིའི་བླང་བྱ། གཉིས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། གསུམ། ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། བཞི། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ། ལྔ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དྲུག གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། བདུན། རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བརྒྱད། སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།