དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ནན་ཉིང་ཕན་ལུང་སྡེ་ཁུལ།

    མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-15

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ལེང་ཆིང་ཆུས་ཕན་ལུང་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་པའི་སྡེ་ཁུལ་ཞིག་ཡིན་ཞིང་། རྒྱ་རིགས་དང་། ཀྲོང་རིགས། ཡའོ་རིགས། མེའོ་རིགས་སོགས་མི་རིགས་15ལས་གྲུབ་པའི་མང་ཚོགས་ཀྱིས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་སེ་འབྲུའི་རྡོག་པོ་ཇི་བཞིན་གཅིག་ལ་གཅིག་བརྟེན་གྱིས་ཁྱིམ་ཚང་གཅིག་ལྟར་མཛའ་མཐུན་ཆེ་བར་གནས་ཡོད།

    ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཞིང་། ཕན་ལུང་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གྲོང་མིའི་སྤྱི་ཆིངས་ནང་བཀོད་ཡོད།

    སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ་ན་ཞབས་ཞུ་ཚོམས་ཆེན་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་བྱེད་ནུས་ཁུལ་དེ་དག་དམངས་ལ་ཕན་པ་དང་གོ་ཆོད་པོ་ཡོད། སྡེ་ཁུལ་ཏང་ཨུད་ཀྱིས་དྲ་མིག་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་ནས་དྲ་མིག་ཆུང་གྲས་192བཟོས་པ་དང་། དམངས་འཚོའི་བྱ་བ་དག་གྲོང་མིས“མངགས་ཐོའི”ནང་བཀོད་པ་དང་། སྡེ་ཁུལ་གྱིས“མངགས་ཐོ”ལེན་པ། མཉམ་སྐྲུན་ཚན་པའི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས“མངགས་ཐོ”ཐག་གཅོད་བཅས་བྱེད་ཀྱི་ཡོད། ཉེ་བའི་ལོ་གཉིས་རིང་། སྡེ་ཁུལ་དུ་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་རེ་ཞུ་སྟོང་ལས་བརྒལ་བ་ཐག་གཅོད་བྱས་པ་དང་ཐག་གཅོད་ཐུབ་ཚད་95%ཡན་ཟིན་གྱི་ཡོད་པ་རེད།

    དྲ་མིག་པ་ཝེ་ལི་ནཱ་ཡིས“གྲོང་མིའི་དགོས་མཁོ‘དམངས་ཚུལ’ ལག་དེབ་ཐོག་ཏུ་བཀོད་ནས་ལས་དོན་སྒྲུབ་ཐུབ་རིགས་འཕྲལ་དུ་སྒྲུབ་ཀྱི་ཡོད”ཅེས་བཤད།

    “སྡེ་ཁུལ་གྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུར་འཚམ་པའི་དགོས་མཁོའི་ཡིག་ཚགས་བཟོ་རོགས་བྱེད་ཀྱི་འདུག་པས། སེམས་ནང་དགའ་ཚོར་ཆེན་པོ་བྱུང”ཞེས་གྲོང་མི་ཐེང་ཆི་ཐེན་གྱིས་འཛུམ་དམུལ་དམུལ་ངང་བཤད།

    “ཚང་མས་གླུ་དབྱངས་མཉམ་དུ་ལེན། ཁྱེད་ཀྱིས་ལེན་ཞིང་ང་ཡིས་ཉན། ཇི་ཙམ་ལེན་པ་དེ་ཙམ་བརྩེ་བ་ཟབ” ལོ་77ལ་སླེབས་པའི་ཕན་ལུང་སྡེ་ཁུལ་ཀང་ཝན་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧོ་ཅི་རུང་གིས། ང་ནི་རྒྱ་རིགས་ཡིན་པ་དང་། ངའི་བཟའ་ཟླ་ནི་མུའུ་ལའོ་རིགས་ཡིན། དང་ཐོག་ངེད་བཟའ་ཚོ་གཉིས་དང་ཁྱིམ་མཚེས་ཁ་ཤས་ཀྱིས་ཡུང་ཅང་གཙང་པོའི་འགྲམ་གྱི་ལྗོན་ཤིང་ཆེན་པོ་ཞིག་གི་འོག་ཏུ་གླུ་གཞས་སྦྱོང་གི་ཡོད། སྡེ་ཁུལ་གྱིས་གནས་ཚུལ་དེ་ཤེས་རྗེས་དེ་སྔའི་བྱེད་སྒོ་ཁང་ནང་སྒྲ་སྐྱེད་སྒམ་སོགས་སྒྲིག་སྦྱོར་བྱས་ཏེ་ཚང་མས་བེད་སྤྱོད་བྱེད་པར་མཁོ་འདོན་བྱས་བྱུང་ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་གྱིས་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། སེམས་མཐུན་ཐང་ཆེན་དང་རིག་རྩལ་བྱེད་སྒོ་ཁང་སོགས་བཙུགས་ཡོད། དང་པོའི་བཅོ་ལྔའི་དུས་ཆེན་ལ་ཐང་ཡོན་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་ལ་འབྲས་ཆན། ཟླ་མཆོད་དུས་ཆེན་ལ་ཟླ་མཆོད་བག་ལེབ་བཅས་བཟོས་ཏེ་གྲོང་མི་དང་མཉམ་དུ་དུས་ཆེན་གཏོང་གི་ཡོད། ནང་སྦྱོང་ཁང་ནས་རྟག་ཏུ་སྙན་འཇེབས་ལྡན་པའི་གླིང་བུའི་སྒྲ་དང་། རྔ་སྒྲ དེ་བཞིན་རོལ་དབྱངས་ཀྱི་སྒྲ་སོགས་ཐོས་རྒྱུ་ཡོད། གྲོང་པ་ཁྱིམ་མཚེས་དབར་སེམས་ནུས་གཅིག་ཏུ་བསྒྲིལ་བས་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་མཆིས།

    དེ་ནི་སྡེ་ཁུལ་གྱི་སྤྱི་ཕན་ཚོང་འདུས་ཐེངས་སོ་བདུན་པ་ཡིན་ཞིང་། ཉིན་དེར་ཚན་པ་10ལྷག་ཙམ་གྱི་དང་བླངས་པས་གྲོང་མིར་ཞབས་འདེགས་ཞུས་པ་རེད།

    དྲ་ཕྱིའི་སྤྱི་ཕན་ཚོང་འདུས་ནས་དྲ་ཐོག་གི“ཁྱིམ་མཚེས་རོགས་རམ་ཚོགས་པའི”བར་དང་། རྒན་རྒོན་གྱི་དྲོ་སྐྱིད་ལྡན་པའི་ཟ་ཁང་ནས་བྱིས་པའི་སྤྲོ་སྐྱིད་ལྡན་པའི་སློབ་ཁང་བར། ཡང་དེ་ནས“གྲོགས་ པོ་རྙིང་པའི་གྲོས་ཚོགས”དང“ཕན་ལུང་སྡེ་ཁུལ་གྱི་ཁྱིམ་མཚེས་བརྩེ་བ་ཟབ་པ”སོགས་སྡེ་ཁུལ་གྱི་སྤུས་རྟགས་ལ་བརྟེན་ནས“ཁྱིམ་ཚང་ཆུང་ཆུང”དྲོ་སོབ་སོབ་དང“ཁྱིམ་ཚང་ཆེན་པོ”ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཕན་ལུང་སྡེ་ཁུལ་དུ་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་བྱེད་བཞིན་ཡོད།

    སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཡན་ལིན་གྱིས“ད་ལོ་ང་ཚོས་རྒན་གཞོན་ཚང་མར་འཚམ་པའི་མཛའ་མཐུན་རྣམ་པའི་སློབ་ཁང་བསྐྲུན་ནས‘སྡེ་ཁུལ་སློབ་ཁང’གི་རིག་གནས་IPབཏོད་དེ‘མཐུན་སྒྲིལ་གྱི་མེ་ཏོག’དེ་བས་བཀྲག་མདངས་འཚེར་བར་བྱེད་ཀྱི་ཡིན” ཞེས་བཤད།

    “སྙན་པའི་གླུ་དབྱངས་ལེན་བཞིན་ལག་གདང་སྦྲེལ། ལོ་གཅིག་དུས་བཞིར་དགའ་སྐྱིད་དཔལ་ལ་རོལ”ཞེས་པའི་གླུ་གཞས་ཁྲོད་ཕན་ལུང་སྡེ་ཁུལ་གྱི་མཐུན་སྒྲིལ་གཏམ་རྒྱུད་གང་སར་ཁྱབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།