2025ལོར་ནགས་བཟོ་སྤྱི་ཆིང་ཁྲི་356.3བྱས་པ།

འདི་ལོའི་ཟླ་3ཚེས་12ཉིན་ནི་རང་རྒྱལ་གྱི་ཤིང་འཛུགས་དུས་ཆེན་ཐེངས་ཞེ་བརྒྱད་པ་ཡིན་ཞིང་། ས་གནས་ཁག་གིས་ཤིང་འཛུགས་བྱེད་སྒོ་སྤེལ་ནས་རང་བྱུང་ཁམས་ཆེ་མོར་སྔོ་ལྗང་གསར་པ་བསྣན་ཡོད། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། 2025ལོར་རྒྱལ་ཡོངས་སུ་ནགས་བཟོ་སྤྱི་ཆིང་ཁྲི་356.3བྱས་པ་དང་། ཉམས་ཞན་རྩྭ་ཐང་སྤྱི་ཆིང་ཁྲི་492.7ཉམས་གསོ་བཅོས་སྐྱོང་བྱས་ནས་ནགས་ཚལ་ཁྱབ་ཚད་25.09%དང་། ནགས་རྩྭ་ཁྱབ་ཚད་56%ལྷག་ཙམ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་209.88 ནགས་རྩྭའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ཙམ་ཟིན་པ་བཅས་རི་སྔོན་ཆུ་དྭངས་ཀྱི་རྨང་གཞི་སྔར་བས་བརྟན་དུ་དང་གསེར་དངུལ་རིའི་ཉམས་མདངས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།