ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་722བཏང་བ།
དུས་མཚུངས་ལས་5.4%འཕར་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་722བཏང་བ་དེ་དུས་མཚུངས་ལས་5.4%འཕར་ཡོད།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ལྕགས་ལམ་གྱི་གཙོ་གནད་རྣམ་གྲངས་46གི་ཨར་སྐྲུན་བྱ་ཡུལ་570ལྷག་ཙམ་ལ་རྒྱུན་མཐུད་ཨར་ལས་བྱས་ནས་ཨར་པོ་བ་ཁྲི་3.8ལྷག་ཙམ་གྱིས་འཐབ་ས་དང་པོ་བརྟན་སྲུང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།