2025ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་གྱིས།
ཀྲུང་གོར་གཞི་ཚུགས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཀྱི་ཡིན།

འདི་ནི“ཨའེ་ཏ·མོ་ཏུའུ་རྟགས་ཅན”ཧན་གོའི་ཅི་ཀྲོའུ་ཤིས་ཀུའེ་ཕུའུ་ཡུལ་སྐོར་མཚོ་གྲུའི་གྲུ་ཁར་ཁ་བཀག་པ།
དུས་རབས་གསར་པར་སླེབས་ཚུན། ཀྲུང་གོའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཁྱབ་ཁོངས་མི་འདྲ་བར་ལས་ལ་གཞོལ་བཞིན་པའི་རྒྱ་ཆེའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2025ལོའི་ལོ་འཁོར་དུ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཁྱོན་50ལ་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་སྤྲད་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པས་ཉེ་ཆར་དེའི་ནང་གི་བྱ་དགའ་ཐོབ་མཁན་བཞིར་བཅར་འདྲི་བྱས་ནས་ཁོང་ཚོར་ཀྲུང་གོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ངོ་མཚར་གཏམ་རྒྱུད་གླེང་དུ་བཅུག་པ་ཡིན།
འབྲེལ་ཡོད་གསར་འགྱུར།