མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཟུར་པ་པོ་ཁོ་ཝ་ཡིས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་ཀྲུང་གོའི་དབར་མཉམ་ལས་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་གི་ཡིན།

འདི་ནི་པོ་ཁོ་ཝ་ཡིས་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དུ་གཉེར་བའི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཁག་གི་རིག་གཞུང་གཅིག་མཐུན་ཚོགས་པའི་2025ལོའི་ཚོགས་འདུར་གཏམ་བཤད་སྤེལ་བཞིན་པ།

པན་པི་ཡིས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་དང་དཔེ་སྐྲུན་ཁང་མང་པོ་ཞིག་གི་རྩོམ་ཞུས་པའི་འགན་ཁུར་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྣམ་གྲངས་གལ་ཆེན་མང་པོར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་སྐྱོར་བྱས་པ་མ་ཟད། ཀྲུང་གོའི་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི“པའེ་ཡུས་ལན་གྱི་གཟི་བརྗིད་མཚན་སྙན་བྱ་དགའ”དང་དེ་བཞིན་འཇར་མན་གྱི་ཐུའུ་པིན་ཀེན་སློབ་ཆེན་གྱི“ཧུང་པའོ་མཁས་དབང”གི་གཟི་བརྗིད་མཚན་སྙན་སོགས་དམིགས་བསལ་གྱི་མཚན་སྙན་མང་པོ་ཐོབ་ཡོད། འདི་ནི་ཧྥུའུ་ཏན་སློབ་ཆེན་ཤེ་ཤི་ཏེ་གཞོན་ནུའི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་པན་པི(དཀྱིལ)ཡིས་སློབ་མ་དང་རིག་གཞུང་བགྲོ་གླེང་བྱེད་བཞིན་པ།
“ཕུལ་བྱུང་མི་སྣ་མང་པོ་ཞིག་དང་མཉམ་དུ་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་པ་དེ་ངའི་གཟི་བརྗིད་ཡིན་སྙམ་གྱི་འདུག དེས་ངའི་ལས་རིགས་དང་མི་ཚེའི་ནང་གནས་བབ་གལ་ཆེན་བཟུང་ཡོད” 2025ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཟུར་པ། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་རྒྱལ་སྤྱིའི་རྩ་འཛུགས་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་བཅས་ཡིན་པའི་དབྱི་ལིན་ནཱ·པོ་ཁོ་ཝ་ཡིས་གཟི་བརྗིད་དེ་ང་རང་མི་སྒེར་ལ་དབང་བ་མ་ཟད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ལོ་མང་རིང་མཉམ་ལས་དམ་ཟབ་བྱས་པར་ཚད་མཐོའི་ཁས་ལེན་བྱས་པའང་མཚོན་གྱི་ཡོད་ཅེས་བརྗོད།
པོ་ཁོ་ཝ་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡར་སྐྱེས་པ་དང་ཧྥ་རན་སེ་དང་མོ་ན་ཁོ་རུ་བཅའ་སྡོད་གཞུང་ཚབ་ཆེ་མོ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་བཅའ་སྡོད་པུར་ཀ་རི་ཡའི་གཞུང་ཚབ་ཆེ་མོ། 2009ལོ་ནས་2017ལོ་བར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་བཅས་ཀྱི་འགན་ཁུར་མྱོང་ཡོད་ཅིང་། རྩ་འཛུགས་དེའི་བུད་མེད་སྤྱི་ཁྱབ་ཀན་ཧྲི་ཐོག་མ་དེ་ཡིན། ཀྲུང་གོའི་རིག་གནས་ཤུལ་བཞག་གལ་ཆེན་ཁག་9མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་ཤུལ་བཞག་མིང་ཐོའི》ནང་འདེམས་པར་ཁོང་གིས་སྐུལ་འདེད་བཏང་བ་དང་ཀྲུང་གོའི་གྲོང་ཁྱེར་11མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གསར་གཏོད་གྲོང་ཁྱེར་དྲ་རྒྱའི་ནང་འཇུག་པར་སྐུལ་འདེད་བཏང་བ་མ་ཟད། ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་གཏོད་ཐོན་ལས་ཐད་ཀྱི་དགེ་མཚན་ལྡན་པའི་བྱ་སྤྱོད་ལ་ཁོང་གིས་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཡོད།
ཀྲུང་གོའི་འཕེལ་རྒྱས་ལ་ཡུན་རིང་ལྟ་ཞིབ་བྱེད་མཁན་པོ་ཁོ་ཝ་ཡིས་སློབ་གསོའི་ཁྱབ་ཁོངས་ཐད་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ལ་བསྔགས་བརྗོད་ཡང་ཡང་བྱས་ཤིང་། “ཀྲུང་གོས་སློབ་གསོའི་ཁྱབ་ཁོངས་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་། ལྷག་པར་དུ་བུད་མེད་དང་བྱིས་པ་བུ་མོའི་སློབ་གསོའི་ཐད་གོ་ལ་ཧྲིལ་པོའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད” ན་ནིང་པེ་ཅིང་དུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་རིང་པོ་ཁོ་ཝ་ཡིས《དུས་རབས་གསར་པར་ཀྲུང་གོས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལྟ་ཀློག་བྱས་པ་དང་འབྲེལ“གྲངས་རིག་གིས་བུད་མེད་དང་བྱིས་པ་བུ་མོར་མཐུན་རྐྱེན་སྦྱོར་བའི་གྲུབ་འབྲས་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་དང་། ཀྲུང་གོའི་བུད་མེད་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་ཁོང་ཧང་སངས་པ་རེད།
པོ་ཁོ་ཝ་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་ཕོ་ཉ་མུ་མཐུད་ཡག་པོ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན། “ཀྲུང་གོས་སློབ་གསོ་དང་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དེ་བས་མང་བ་སྤེལ་བ་དང་འབྲེལ་ཡིད་ཆེས་དེ་བས་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ལ་ཆ་རྐྱེན་བསྐྲུན་རྒྱུར་ངས་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།