ཏ་ཀྲུང་རླངས་འཁོར་ཚོགས་པའི(ཀྲུང་གོ)ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པེ་རུའེ་ཏེ།
ནུས་རྒྱུ་གསར་པའི་དུས་རབས་སུ་ཀྲུང་གོའི་རོགས་ཟླ་དང་མཉམ་དུ་སྐྱོད་པ།

འདི་ནི་པེ་རུའེ་ཏེ་ཡིས་སྨྱན་སྦྱོར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

འདི་ནི་ཏ་ཀྲུང་ཨན་ཧུའེ་བཟོ་གྲྭའི་འཁོར་ཁང་ཡིན་པ།
“ཏ་ཀྲུང་ཀྲུང་གོའི་ཁྲོམ་རར་སྐྱོད་དུས་ནི་ལས་དང་པོ་བ་ཞིག་རེད། འོན་ཀྱང་ད་ཆ་ཀྲུང་གོའི་རླངས་འཁོར་ཐོན་ལས་སྒྱུར་བཅོས་ཀྱི་མདུན་གྲལ་དུ་སླེབས་པས་ང་ཚོ་ལམ་འགྲོ་ཡག་པོ་རྒྱུག་པ་རེད་སྙམ་གྱི་འདུག” 2025ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་དང་ཏ་ཀྲུང་རླངས་འཁོར་ཚོགས་པའི(ཀྲུང་གོ)ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡིན་པའི་པེ་རུའེ་ཏེའི་གཞུང་ལས་ཁང་དུ་བསྐྱོད་པ་ན། པར་སྒྲོམ་ནང་དུ་བཤམས་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་ཧ་ཅང་མངོན་གསལ་དོད་ཅིང་། རྩོམ་ཡིག་ཐོག་མའི་འགོ་བརྗོད་དུ“ཀྲུང་གོར་མ་དངུལ་གཏོང་བ་ནི་མ་འོངས་པར་མ་དངུལ་གཏོང་བ་ཡིན”ཞེས་པ་ལས་ཁོང་གི་སེམས་འདུན་མཚོན། “ཁྲོམ་ར་འདིར་དངོས་སུ་བསྐྱོད་པ་དང་ཡུལ་ལུང་འདིར་མཉམ་འདྲེས་བྱས་ན། གཞི་ནས་སྤྱོད་མཁན་གྱི་དགོས་མཁོ་ངོ་མ་ཤེས་རྟོགས་ཐུབ་པས། ཉིན་ལྟར་ལས་ཀའི་སྤྲོ་སེམས་འཕེལ་གྱི་འདུག”ཅེས་བཤད།
ཀྲུང་གོར་ཡོང་སྔ་ཤོས་ཀྱི་ཕྱི་རྒྱལ་རླངས་འཁོར་ཁེ་ལས་ཀྱི་གྲས་ཡིན་པའི་ཏ་ཀྲུང་ཚོགས་པ་ཀྲུང་གོའི་རླངས་འཁོར་བཟོ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་གཏིང་ཟབ་ཞུགས་ཏེ། ཀྲུང་གོའི་མཉམ་ལས་རོགས་ཟླ་དང་མཉམ་དུ་ཐོན་ལས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། པེ་རུའེ་ཏེས་བལྟས་ན། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་དར་རྒྱས་བྱུང་བ་ནི་སྟེས་དབང་ཞིག་མིན། “ཀྲུང་གོས་ནུས་རྒྱུ་གསར་པའི་རླངས་འཁོར་ཞིབ་འཇུག་དང་གསར་སྤེལ་ཐད་མ་དངུལ་འབོར་ཆེན་བཏང་བ་མ་ཟད། ཕྱོགས་ཡོངས་ཀྱི་སྲིད་ཇུས་སྒྲོམ་གཞི་བཟོས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད། ཀྲུང་གོའི་འཛད་སྤྱོད་པས་ལག་རྩལ་གསར་པ་དང་ལེན་བྱེད་ཚད་མཐོ་བ་དེས་ཁྲོམ་རར་ཡང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད”ཅེས་བརྗོད་ཡོད། ཏ་ཀྲུང་ཚོགས་པས་མུ་མཐུད་གྲུབ་འབྲས་དེ་རྒྱུན་མཐུད་བྱེད་དགོས་བསམ་ན། པེ་རུའེ་ཏེའི་དྲིས་ལན་ནི“ཀྲུང་གོར་ཀྲུང་གོའི་ཆེད་དུ་འབད་བརྩོན་བྱེད་དགོས་པ”དེ་རེད། ཁོང་གིས། གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲོམ་ར་ཆེ་ཤོས་ཡིན་པའི་ཀྲུང་གོར་འགྲན་རྩོད་བྱེད་དགོས་ཚེ། ངེས་པར་དུ་ཞིབ་སྤེལ་དང་ཐབས་ཇུས་དེ་ཁྲོམ་ར་དང་སྤྱོད་མཁན་དང་སྔར་བས་ཉེ་བར་བཅར་བྱེད་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།