དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རྒན་གསོའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཀྱིས་རྒན་གསོ་ཞབས་ཞུའི་འཛད་སྤྱོད་སྒོར་ཁྲི་458ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རིམ་རྩིས་བརྒྱབ་ན། ཟླ་3ཚེས་4ཉིན་བར་མཚོ་སྔོན་གྱི་ནུས་ཤོར་འབྲིང་གྲས་ཡན་གྱི་རྒན་རྒོན་གྱི་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཀྱིས་འཛད་སྤྱོད་འཛིན་ཤོག་2191སྤྲད་པ་ནས་འཛིན་ཤོག་1794ཞིབ་རྩིས་གཙང་དག་བྱས་ཟིན་པ་དང་། ཁ་གསབ་མ་དངུལ་སྒོར་ཁྲི་90.55སྤྲད་དེ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་སྒོར་ཁྲི་458.37ལ་སྐུལ་ཁྲིད་ཐུབ་ཅིང་། རྒན་རྒོན་1358ཀྱིས་ཞབས་ཞུ་ཐོ་འགོད་བྱས་པ་དང་ཁྱོན་མི་ཐེངས་1814ལ་ཞབས་འདེགས་ཞུས་ཡོད། རྣམ་གྲངས་དེ་ལས་ནུས་ཤོར་འབྲིང་གྲས་ཡན་གྱི་རྒན་རྒོན་གྱི་རྒན་གསོའི་ལྟ་སྐྱོང་ཞབས་ཞུའི་འགན་སྲུང་ལ་སྐུལ་འདེད་ཧུར་ཐག་གཏོང་བར་ཕན་འབྲས་ལེགས་པོ་ཐོན་པ་རེད།

    ད་ལོའི་ཟླ་དང་པོ་ནས་རྣམ་གྲངས་ལག་ལེན་བསྟར་ཚུན། རྒན་གསོ་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་ཐད་ཀར་སྤྲོད་པ་དང་འཕྲལ་མར་ལོངས་སྤྱོད་ཐུབ་པའི་རྣམ་པ་བརྒྱུད། ཁྱིམ་དུ་སྡོད་པའམ་ཡང་ན་སྒྲིག་གཞི་རུ་རྒན་གསོ་བྱེད་བཞིན་པའི་ནུས་ཤོར་རྒན་རྒོན་ཚོས་རྒན་གསོ་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པར་རྒྱབ་སྐྱོར་གནད་སྨིན་བྱས་ཡོད། མིག་སྔར། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་འཛིན་ཤོག་ལག་བསྟར་བྱས་ཟིན་ལ། རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་ཁྱབ་རྒྱ་ད་དུང་རྒྱ་ཆེར་རྒྱུན་མཐུད་འགྲོ་བཞིན་ཡོད་པ་རེད།

    ཞིང་ཆེན་ཡོངས་ཀྱིས་ད་དུང་རྒན་གསོ་ཞབས་ཞུའི་སྤུས་ལེགས་ཐོན་ཁུངས་རྒྱུན་མཐུད་ནས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། ཆེད་ལས་ཅན་དང་ཡོངས་ཁྱབ་ཞབས་ཞུའི་འདེགས་སྐྱོར་མ་ལག་འཛུགས་བཞིན་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་རྒན་གསོའི་སྒྲིག་གཞི་44དང་། སྡེ་ཁུལ་གྱི་རྒན་གསོའི་སྒྲིག་གཞི་49 ཕྱོགས་གསུམ་པའི་དཔྱད་དཔོག་སྒྲིག་གཞི་58བཅས་རྣམ་གྲངས་དེའི་ནང་ཞུགས་ཡོད། རིམ་རྩིས་བརྒྱབ་ན། ནུས་ཤོར་འབྲིང་གྲས་ཡན་གྱི་རྒན་རྒོན་15691ལ་ནུས་པའི་དཔྱད་དཔོག་བྱས་ཏེ། སྲིད་གཞུང་གིས་ཁྲིད་སྟོན་དང་། སྒྲིག་གཞི་ཞུགས་པ། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་བ། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཆགས་ནས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་རིམ་སྤོར་ནུས་ལྡན་བྱུང་བ་མ་ཟད། རྒན་རྒོན་མང་ཚོགས་ལ་རྒན་གསོ་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེ་སྤོགས་ཐད་ཀར་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།